《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月27日

ལྷ་ས་འགག་སྒོས་ཁྱད་ལྡན་ཐོན་རྫས་ཕྱི་རྒྱལ་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་25ཉིན་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་དང་པོ་ནས་བཅུ་པ་བར་ལྷ་ས་འགག་སྒོས“བོད་ཀྱི་ཆུ་བཟང”བསྡོམས་ཏུན་2439.09ཕྱིར་གཏོང་ཐེངས་163ལ་ལྟ་སྐུལ་དོ་དམ་བྱས་པའི་དངོས་ཟོག་གི་རིན་ཐང་སྒོར་ཁྲི་726.58ཟིན་ཞིང་། ཕྱིར་གཏོང་གི་ཐེངས་གྲངས་དང་། དངོས་ཟོག་གི་ལྗིད་ཚད། དངོས་ཟོག་གི་རིན་ཐང་བཅས་ཚང་མ་དུས་མཚུངས་དང་བསྡུར་ན་ལྡབ་གཉིས་ལྷག་ཙམ་འཕར་ཡོད། བོད་ལྗོངས་ས་མཐོའི་རང་བྱུང་འཐུང་ཆུ་ཚད་ཡོད་ཀུང་སིའི་ལས་དོན་པས་གསར་འགོད་པར་ལྷ་ས་འགག་སྒོའི་འགག་སྒྲོལ་ཞབས་འདེགས་ཇེ་ལེགས་སུ་བཏང་ནས་ལས་ཕྱོད་ཆེ་རུ་ཕྱིན་པས་བོད་ཀྱི་རང་བྱུང་གཏེར་ཆུ་ཕྱིར་གཏོང་ཕྱི་ཚོང་གི་ལམ་རྒྱ་ཆེ་རུ་འགྲོ་བཞིན་ཡོད་ཅེས་བཤད་བྱུང་།

ལྷ་ས་འགག་སྒོའི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རོགས་སྐྱོར་བྱ་ཆེད་ལྷ་ས་འགག་སྒོས་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བ་བྱས་ཏེ་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་། ཁོངས་གཏོགས་ཁུལ་གྱི་གཏེར་ཆུ་ཐོན་སྐྱེད་ཁེ་ལས་སུ་བསྐྱོད་པ། སྒོ་འགྲམ་དུ་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་བསྒྲགས་དང་ཞབས་འདེགས་ཞུ་བ། “ཁེ་ལས་གཅིག་ལ་མི་གཅིག”གི་སྲིད་ཇུས་བློ་འདྲིའི་ཞབས་ཞུ་མཁོ་འདོན་བཅས་བྱས་ཏེ་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱས་ནས་གཏེར་ཆུ་ཐོན་སྐྱེད་ཁེ་ལས་བདེ་བླག་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་རོགས་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་ལ་སྔར་བས་རྒྱབ་སྐྱོར་བྱ་ཆེད་ལྷ་ས་འགག་སྒོས་རང་སྐྱོང་ལྗོངས་ཀྱི“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཀྱི་ཚབ་མཚོན་རང་བཞིན་གྱི“བོད་ཀྱི་ཆུ་བཟང”ལ་དམིགས་ནས། ལྟ་སྡོམ་བྱ་ཐབས་གནད་འཁེལ་ངང་བཟོས་པ་དང་དུས་ཐོག་ཏུ་སྙན་སེང་དང་སྐབས་བསྟུན་ཞིབ་བཤེར་བྱས་ཏེ་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།