《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月26日

སྤོས་བཟོའི་ལས་རིགས་ཁྲོད་ཀྱི་སྤུས་རྟགས་གསར་པ།

སྤོས་བཟོའི་ལས་རིགས་ནང་གི་སྤུས་རྟགས་གསར་པ་ཞིག་ཡིན་པའི་རྒྱ་བཟའ་སྤོས་དེ་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྒྱ་བཟའ་སྤོས་བཟོ་གྲྭས་འཛམ་གླིང་ཡང་རྩེའི་ས་བབ་མཐོ་ཚད་སྨི་4500ཡན་གྱི་དམིགས་བསལ་གྱི་སྣོད་བཅུད་ཁོར་ཡུག་ནང་གི་བོད་སྨན་གྱི་རྒྱུ་ཆ་དང་སྲོལ་རྒྱུན་གྱི་སྤོས་ཐོན་སྐྱེད་བཟོ་རྩལ་སྤྱད་པ་དང་། ལྷད་མེད་རྒྱུ་ཆས་སྦྱོར་རྟ་དང་། ཚད་དང་མཐུན་པའི་ངང་སྦྱོར་བཟོ། བཟོ་རྩལ་རྩེ་གྲ་བཅས་ལས་ཡུལ་གྲུ་གང་སར་སྐད་གྲགས་ཆོད་ཡོད།

ལྷོ་རོང་རྫོང་རྒྱ་བཟའ་སྤོས་བཟོ་གྲྭས་ལོ་རྒྱུས་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག ཉོ་སྒྲུབ་བྱས་པའི་མ་བཅོས་རྒྱུ་ཆར་དབྱེ་འབྱེད་དང་། རྒྱུ་ཆ་འདེམས་པ། ལས་སྣོན་བཅས་བྱས་ནས་ཐོན་རྫས་ཀྱི་སྤུས་ཀ་ལེགས་སུ་བཏང་ཡོད། ད་དུང་ས་གནས་དེ་གའི་སྤོས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱི་སྤོས་བཟོ་བ་མཁས་ཅན་བཟོ་གྲྭར་གདན་དྲངས་པ་དང་། ཁོང་ཚོ་ནི་ཀུང་སིའི་སྤོས་ཀྱི་ཐོན་རྫས་འཕེལ་རྒྱས་གཏོང་མཁན་ཡིན་པ་མ་ཟད། “མངོན་མིན་རིག་གནས་ཤུལ་བཞག”གི་རྒྱུན་འཛིན་པའང་ཡིན།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་རོང་རྫོང་རྒྱ་བཟའ་སྤོས་བཟོ་གྲྭས་མ་འོངས་པའི་ལོ་འགའི་རིང“རྒྱ་བཟའ་དང་། རྒྱུན་འཛིན། འཕེལ་རྒྱས”བཅས་ཀྱི་འདུ་ཤེས་ཐོག་ནས་སྤོས་ཀྱི་འཕྲོད་སྦྱོར་ཐོན་རྫས་དེ་བས་མང་བ་དང་དེ་བས་ལེགས་པ་འདོན་རྩིས་ཡོད་པ་རེད།

འདི་ནི་ལྷོ་རོང་རྫོང་རྒྱ་བཟའ་སྤོས་བཟོ་གྲྭའི་བཟོ་པས་སྤོས་ཐུམ་རྒྱག་བཞིན་པ།