《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月25日

ཆུ་ཤུར་རྫོང་ལྗང་གྲོང་ཚོས།

སྡོད་མལ་ལ་འཚམ་ཞིང་ལས་རིགས་དར་བའི་ཁྱིམ་གཞིས་བསྐྲུན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོས་སྔ་ཕྱི་བར་གསུམ་དུ་ཞན་ཆ་དང་ཉམས་ཞན་ལ་དམིགས་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཧུར་ཐག་བྱས་པ་རེད།

ལྗང་གྲོང་ཚོར་སྐྱོད་སྐབས་གཙང་ཞིང་རྒྱ་ཆེ་བའི་གཞུང་ལམ་དང་། གྲལ་སྟར་འགྲིག་པའི་བོད་བཟོའི་ཁང་པ། ལམ་ཟུར་དུ་ཉི་ནུས་ལམ་སྒྲོན། སྣེ་མང་ཚོང་ཁང་ལ་སོགས་མཐོང་ཐུབ།

གྲོང་མི་སྐྲ་བཟང་ཁྱིམ་དུ་སྐྱོད་སྐབས་གཙང་སྦྲ་དོད་པའི་སྒོ་རའི་ནང་ཐབ་ཚང་དང་གསང་སྤྱོད་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་ཚང་མ་འདུག ཉི་གཡབ་ནང་མེ་ཏོག་ཁྲ་ཆིལ་ལེར་བཞད་འདུག་པས་ཧ་ཅང་ལྟ་ན་སྡུག་པ་ཞིག་འདུག

ལོ་ཤས་གོང་སྐྲ་བཟང་གིས་གསོག་དངུལ་ཡོད་ཚད་བཏང་ནས་ཙག་ཙིག་ཚོང་ཁང་དང་ཇ་ཁང་བཙུགས་ཏེ། རང་ཉིད་ཀྱིས་སྦྱིན་བདག་བྱས། སྐྲ་བཟང་གིས“ལོ་ན་ཆུང་དུས་ཁྱིམ་ཚང་ལ་དཀའ་ངལ་ཡོད་པས། དགའ་ཉེ་སྤུན་མཆེད་ཀྱི་རོགས་སྐྱོར་འོག་གཞི་ནས་ལྟོ་གོས་ཕྱིད་ཙམ་ཡོད། དེ་དུས་སྡོད་སའི་ཁང་པ་ཡང་ངོ་དྲགས་པ་ཞིག་མེད། ད་ཆ་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོའི་འཚོ་བ་ལོ་རེ་ལས་མ་འདས་པར་ལེགས་སུ་ཕྱིན་ཏེ། སྡོད་ཁང་ཡངས་ཤིང་རྒྱ་ཆེ་ལ། འགྲིམ་འགྲུལ་སྟབས་བདེ་བ་དང་། ཆུ་གློག་ལ་སེམས་ཁྲལ་མེད”ཅེས་བཤད།

སྡོད་མལ་ཁོར་ཡུག་ཇེ་ལེགས་དང་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པས། གྲོང་མིའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་ཡོད། ཤེས་དཔལ་སྲོལ་བཟང་དར་སྤེལ་གཏོང་བ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་དར་རྒྱས་གཏོང་བའི་དུས་མཚུངས་སུ། ཉེ་བའི་ལོ་ཤས་རིང་ཡུལ་མི་ཚོས་ལྗང་གྲོང་ཚོའི་ཐུན་མིན་གྱི་ས་ཆུའི་ཁྱད་ཆོས་ལ་བརྟེན་ཞིང་། ཡུལ་བབ་དང་བསྟུན་ནས་སྤྱི་གནོད་མེད་པའི་ཤིས་ཀྭ་འདེབས་འཛུགས་ཤུགས་ཆེན་བྱས་ཏེ་ཕྱུག་འགྱུར་ལམ་དུ་བསྐྱོད་པ་རེད།

ལྗང་གྲོང་ཚོའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ཤས་གོང་ལྗང་གྲོང་ཚོ་ཨུ་ལྷན་གྱིས་མ་དངུལ་བཏང་སྟེ་ཆུ་ཤུར་རྫོང་ཆི་ལིང་ཞིང་ལས་ཕྱོཌ་བསྡུས་གསར་སྤེལ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུཌ་ཏེ། ཆེད་མངགས་གཟན་རྩྭ་འདེབས་འཛུགས་དང་། སྣེ་ཁ་ཁྱབ་གདལ། ས་ཞིང་བརྒྱུད་བཤུག ཞིང་འཕྲུལ་གཉེར་སྐྱོང་། ཞིང་ལས་ཐོན་ཟོག་ལས་སྣོན་སོགས་ཀྱི་ལས་དོན་སྤེལ་བ་རེད། མཉམ་ལས་ཁང་ལ་བྱུང་བའི་ཁེ་བཟང་ཁག་གཅིག་མཉམ་ལས་ཁང་དུ་འཇོག་པ་དང་ཁག་གཅིག་རྐང་དངུལ་མང་ཉུང་གཞིར་བཟུང་བགོ་འགྲེམས་བརྒྱབ་པས། ཚང་མར་དེའི་ཁྲོད་ནས་ཡོང་འབབ་བྱུང་ཡོད།

ལྗང་གྲོང་ཚོས་2019ལོའི་ཟླ་བརྒྱད་པ་ནས་བཟུང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་སྤེལ་ནས་རང་ངོས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་དམིགས་ཚད་དང་ལག་ལེན་གྱི་ཐབས་ལམ་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ། མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པའི་ཐབས་ལམ་ནུས་ལྡན་ཞིག་འཚོལ་ཞིབ་བྱས་པ་མ་ཟད། རྒྱུགས་ལན་ཡག་པོ་ཞིག་ཀྱང་ཕུལ་བ་རེད།