《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月25日

སློབ་གྲྭར་བདེ་འཇགས་སྒྲོག་འགྲེལ་བྱེད་པ།

ཉེ་ཆར། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཝུའུ་ཤིང་ཆུས་ཡན་ལག་ཅུས་པ་ལི་ཏན་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཝུའུ་ཤིང་ཆུས་པ་ལི་ཏན་གྲོང་རྡལ་ལྟེ་བའི་བུ་བཅོལ་ཁང་དུ་བསྐྱོད་ནས། འཛིན་གྲྭ་ཆེ་བའི་གྲོགས་པོ་ཆུང་ཆུང་120ལ་བདེ་འཇགས་འགོག་ཟོན་ཤེས་བྱ་འཆད་འགྲེལ་བྱས་པ་རེད།

འདི་ལོའི་ཟླ་9པར་པ་ལི་ཏན་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་18དང་མཉམ་དུ“ཉེན་རྟོག་དང་སློབ་གྲྭ་མཉམ་སྐྲུན”གྱི་གྲོས་མཐུན་བཞག་པ་དང་། མིག་སྔར་སློབ་གྲྭའི་བདེ་འཇགས་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་ཐེངས་མང་སྤེལ་ཡོད་པ་རེད།

འདི་ནི་མི་དམངས་ཉེན་རྟོག་པས་པ་ལི་ཏན་གྲོང་རྡལ་ལྟེ་བའི་བུ་བཅོལ་ཁང་དུ་གྲོགས་པོ་ཆུང་ཆུང་ཚོར་བདེ་འཇགས་འགོག་ཟོན་གྱི་ཤེས་བྱ་འཆད་འགྲེལ་བྱེད་བཞིན་པ།