《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月25日

བྱིས་པར་བདེ་འཇགས་སློབ་གསོ་སྔོན་དུ་སྤེལ།

འཛམ་གླིང་གི་བྱིས་པའི་ཉིན་མོར་ཤིས་ཨན་གྲོང་ཁྱེར་སློབ་གསོ་སྡེ་ཚན་གྱིས་འགྲིམ་འགྲུལ་ཉེན་རྟོག་པ་དང་། སྤྱི་བདེ། གྲོང་ཁྱེར་དོ་དམ་སོགས་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་མཉམ་འབྲེལ་ཐོག“ཉེ་འགྲམ་དུ་བརྩེ་བས་ཁེངས་པའི”བྱིས་པའི་བདེ་འཇགས་སྤྱི་ཕན་བྱེད་སྒོ་གཉེར་བ་རེད། འགྲིམ་འགྲུལ་བདེ་འཇགས་དང་། འཚོ་བའི་བདེ་འཇགས། སློབ་གྲྭའི་རྩུབ་སྤྱོད། གྲོང་ཁྱེར་གྱི་ཤེས་དཔལ་སོགས་ནས་སྒྲོག་འགྲེལ་མྱོང་རོལ་བྱས་ཏེ་གཞོན་ནུ་ལོ་ཆུང་ལ“ཉེན་ཁ་ཤེས་པ། ཉེན་གཡོལ་རྟོགས་པ། ཤེས་དཔལ་ལ་སྣང་ཆེན། འཚོ་བར་དགའ་ཞེན”བཅས་ཀྱི་འདུ་ཤེས་བཟང་པོ་འཇག་རོགས་བྱས་ཤིང་། འདི་ནི་འགྲིམ་འགྲུལ་ཉེན་རྟོག་པས་ཤིས་ཨན་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་མ་ཚོར་རྨོག་ཞྭ་གྱོན་དུས་དོ་སྣང་བྱེད་དགོས་པའི་སྐོར་འགྲེལ་བཤད་རྒྱག་བཞིན་པ།