《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月25日

ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་23ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་པུའུ་ཨུད་7གྱི《མཐོ་སློབ་སློབ་ཐོན་སློབ་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་ལས་ཞུགས་ལས་གཏོད་བྱེད་པར་བསྐྱོད་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་ལས་ཞུགས་བྱེད་པར་བསྐྱོད་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱ་རྒྱུའི་ལས་དོན་ཐད་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཏིང་ཡེ་ཤན་གྱིས་མཐོ་སློབ་སློབ་ཐོན་སློབ་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་ལས་ཞུགས་ལས་གཏོད་བྱེད་པར་བསྐྱོད་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱ་རྒྱུ་ནི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་བར་མཐོངས་རྒྱ་ཆེར་གཏོང་བ་དང་། འཚར་ལོངས་དང་འཇོན་ཐང་འཕེལ་བར་རོགས་རམ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཕྱོགས་ཡོངས་དང་། རྩོད་སྒྲུབ། ཕུགས་རྒྱང་ཡོད་པ་བཅས་ཀྱི་ཐོག་ནས་གནད་དོན་ལ་ལྟ་བ། “གང་ཞིག་ཡིན་པ”དང་། “ག་རེའི་ཆེད་དུ་ཡིན་པ”“གང་འདྲ་བྱེད་དགོས་པ”བཅས་གསུམ་གྱི་ཐོག་ནས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་ལས་ཞུགས་ལས་གཏོད་ལ་སྐྱོད་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱེད་པའི་གལ་ཆེའི་དོན་སྙིང་དང་། ནང་དོན་གཏན་ཚིགས། གཞི་རྩའི་བསམ་གཞིག་བཅས་ལ་ངོས་འཛིན་གཏིང་ཟབ་བཅས་བྱས་ཏེ། འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།

ཏིང་ཡེ་ཤན་གྱིས་དུས་བསྟུན་ཡར་བརྩོན་དང་དྲང་སྲུང་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བཏོན་པའི་ལས་ཞུགས་སྐོར་གྱི་བཀོད་སྒྲིག་བླང་བྱར་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་པུའུ་ཨུད་7གྱི་བརྡ་ཐོའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་ཟུང་འབྲེལ་དང་། རང་ལྗོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དང་། བརྟན་ལྷིང་སྲུང་སྐྱོང་། སློབ་གསོ་འཕེལ་རྒྱས། ཤེས་ལྡན་པ་གསོ་སྐྱོང་བཅས་དང་ཟུང་འབྲེལ། རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་ལས་ཞུགས་ལས་གཏོད་བྱེད་པར་སྐྱོད་རྒྱུའི་ལག་བསྟར་བསམ་འཆར་ཞིབ་བཟོ་རྒྱུ་དང་ཟུང་འབྲེལ་བཅས་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ཞབས་ཞུའི་དགོས་མཁོར་དམིགས་ནས་ལས་ཞུགས་ལས་གཏོད་བྱ་རྒྱུར་སྐུལ་ལྕག་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ཞབས་ཞུའི་རིགས་ཀྱི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་བསྡུ་རྒྱུར་རྒྱབ་སྐྱོར་བྱེད་དགོས། རང་ལྗོངས་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་དོན་དངོས་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། རྩོད་གཞི་འདུམ་འགྲིག་དང་། བདེ་ཐང་རྒན་གསོ། བྱིས་པའི་ཕན་བདེ། སྤྱི་པའི་བདེ་འཇགས་སོགས་གྲོང་མིའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྱབ་ཁོངས་ལ་གཙོ་བོར་དམིགས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་དང་སྤྱི་ཚོགས་ལས་དོན་ཞབས་ཞུའི་ལས་ཁུངས་སྣ་ཚོགས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་། སྲིད་གཞུང་གིས་སྡེ་ཁུལ་གྱི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ། “མི་གསོ་བ”ནས“ལས་དོན་སྒྲུབ་པར”འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་དེ་བས་མཐོ་བའི་ངང་ལས་ཞུགས་སྔར་ལས་ལྷག་པ་ཐུབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ཆུ་ཚད་དང་མཉམ་དུ་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

(བསྟན་འཛིན་གཡུ་སྒྲོན་གྱིས་བསྒྱུར། བསྟན་བློ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)