《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月25日

ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་23ཉིན་གནས་ཚུལ་འབྱོར་གསལ། ཚེས་23ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གི་གསུང་བཤད་དང་དེ་བཞིན་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། འབྲེལ་ཡོད་ཞིབ་ཕྲའི་དོན་ཚན་ལ་ཞིབ་འཇུག གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བཅས་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་། ཅང་ཅེ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་པ་རེད།

ཚོགས་ཞུགས་མི་སྣའི་གཏམ་བཤད་གསན་རྗེས། ཝུའུ་དབྱིང་ཅེས་འདི་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བོད་ཀྱི་བརྟན་ལྷིང་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ལ་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་བསྣན་ཡོད་ལ། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་གནང་ཡོད།

ཝུའུ་དབྱིང་ཅེས། འཐབ་ཕྱོགས་གཅིག་གྱུར་ལས་དོན་ནི་བོད་ཀྱིས་མི་རིགས་ལས་དོན་ཡག་པོ་སྒྲུབ་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ། དམངས་འཚོ་ལེགས་སུ་གཏོང་བ། མི་སེམས་གཅིག་ཏུ་སྒྲིལ་བ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་གསར་གཏོད་དང་། ལམ་ལུགས་གསར་གཏོད། བྱེད་ཐབས་གསར་གཏོད། ལས་དོན་གསར་གཏོད་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་འཕེལ་རྒྱས་དེ་བས་ཆེ་བར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

གཅིག་ནས་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་ཟབ་ཏུ་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པར་ཤུགས་སྣོན་བརྒྱབ་སྟེ། རྒྱལ་བབ་དང་ལྗོངས་བབ་སྐོར་གྱི་སློབ་གསོ་དང་། དུས་བབ་དང་སྲིད་ཇུས་སྐོར་གྱི་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ་བཅས་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་ཚན་རིག་དང་མཐུན་པའི་མ་ལག་དང་དགོངས་དོན་གྱི་ངོ་བོར་གོ་བ་ཡང་དག་ལེན་པ་དང་ཁོང་དུ་ཆུད་པར་ཁྲིད་སྟོན་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ། རང་རེའི་ཏང་གིས་གསར་གཏོད་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་གཅེས་སྤྲས་ལྡབ་བརྒྱ་བཅས་བྱས་ཏེ་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

གཉིས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་ལ་བཏོན་གནང་བའི་ཐོག་མའི་གསར་གཏོད་རང་བཞིན་གྱི་ཆོད་གཏམ་གལ་ཆེན་དང་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་གཙོ་རྐང་ཞིག་ཡིན་པས། “གཅིག”དང“མང”དང་། “མཐུན”དང“དགར”“རྟག”དང་“འགྱུར”བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་གལ་ཆེན་འདོན་སྤེལ་ཏན་ཏིག ཤུགས་རྐྱེན་རིམ་བཞིན་ཐེབས་པ་དང་བཀའ་བཟང་གསོས་སུ་སྨིན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་འབྲེལ་ཐག་དང་བསམ་པའི་རྟེན་ས་ཡིན་པ་དང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པའི་བསམ་བློ་སེམས་སུ་བརྟན་པོར་འཇགས་པར་བྱེད་དགོས།

གསུམ་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་དགོས། མཐའ་ཚད་ཀྱི་བསམ་བློ་འཛུགས་པ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་འགྲན་སློང་གལ་ཆེན་འགོག་ཟོན་དང་ཏན་ཏིག་སེལ་དགོས། “ཁྲིད་སྟོན”གྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ་བསམ་བློའི་གནད་དོན་ཡང་མཐའ་གཅིག་ཏུ་ཐག་གཅོད་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་རིགས་པའི་གཞུང་ལུགས་ཀྱི་གནད་དོན་གལ་ཆེན་གཙང་མ་སེལ་བ་དང་སྲིད་ཇུས་ཀྱི་དབྱེ་མཚམས་གལ་ཆེན་ཞིབ་ཚགས་འབྱེད་རྒྱུར་དོ་སྣང་བྱེད་པ། ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་བཅས་ཀྱིས། ཤུགས་སྣོན་ཆད་མེད་དང་། སྙིང་རུས་གཏན་འཁྱོངས། ཡུན་རིང་མཐའ་འཁྱོངས། གོམས་སྲོལ་ཆགས་པ་བཅས་བྱས་ཏེ་གྲྭ་བཙུན་ཚོར་རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དབར་དབྱེ་མཚམས་གསལ་པོ་འབྱེད་པ་དང་། དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་ནས་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པར་བཟོ་བ། དད་ལྡན་མང་ཚོགས་ཚོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་ཁྲིད་སྟོན་བྱེད་པ། ད་ཆའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཆོས་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ་དང་དགོན་སྡེ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དགོན་སྡེ“དོ་དམ་ཐུབ་པ”ནས“དོ་དམ་ཡག་པོར”འགྱུར་བར་སྐུལ་འདེད་གཏོང་དགོས། སྤྲུལ་སྐུའི་ཡང་སྲིད་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྡོམ་ཁྲིམས་བསྟན་དོན་ལ་འཆད་འགྲེལ་གཏིང་ཟབ་རྒྱག་པ་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་བཅོས་སྒྲིག་གི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

བཞི་ནས་དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གཏིང་ཟབ་སྤེལ་དགོས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ནས། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། དངོས་ཡོད་ཀྱི་གནད་དོན་དང་དཀའ་གནད་སེལ་རོགས། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལྔ་ནས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་དང་གཅིག་སེམས་གཅིག་གཏད་དང་བློ་སེམས་གཅིག་མཐུན་གྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་དང་དེའི་རྗེས་རབས་པ་དང་། བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོ་བཅོས་སྒྱུར་སོགས་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ཁྲོད་ང་ཚོར་སྒེར་སེམས་མེད་པར་རོགས་སྐྱོར་དང་ནུས་ཤུགས་ཡོད་རྒུས་རོགས་རམ་བྱེད་མཁན་མང་ཚོགས། དེ་བཞིན་རང་སྲོག་བློས་གཏོང་མཁན་མང་ཚོགས་ཀྱི་རྗེས་རབས་པ་བཅས་ལ་ང་ཚོས་གཟིགས་མཐོང་དང་ཆེད་མངགས་ཡིག་ཚགས་བཟོས་ནས། སྟོན་ཕྱོགས་འཛུགས་པ་དང་མི་སེམས་གཅིག་སྒྲིལ་བྱེད་དགོས།

ཝུའུ་དབྱིང་ཅེས། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པའི་ཆེས་རྩ་བ་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་འདི་ཡིན་པས། ཚད་མཐོའི་མཐོང་ཆེན་དང་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་དོན་གྱི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་བ་དང་། འགོ་ཁྲིད་ཚོགས་ཆུང་གི་ནུས་པ་ཡག་པོ་བཏོན་ནས་ལས་དོན་གྱི་མཉམ་ཤུགས་ཆགས་པར་བྱེད་པ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་སེམས་ཡོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་པ། དྲིལ་བསྒྲགས་བསམ་བློའི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཡོངས་སུ་མི་ཚང་མས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་དོ་ཁུར་དང་། དེའི་ནང་ཞུགས་པ། དེར་རྒྱབ་སྐྱོར་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

(རིག་འཛིན་རྡོ་རྗེ་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)