《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月25日

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི(རྒྱ་ཆེའི)ཚོགས་འདུ་དང་ཀྲུའུ་རེན་ཚོགས་འདུ་ཐེངས་63པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་23ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱི་བཀའ་མངགས་ལྟར། ཚེས་23ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ཞུས་ཞུའེ་ཀོང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི(རྒྱ་ཆེའི)ཚོགས་འདུ་དང་ཀྲུའུ་རེན་ཚོགས་འདུ་ཐེངས་63པ་གཙོ་སྐྱོང་གནང་བ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ལི་ཝུན་ཧན་དང་ཝང་ཅུན་དང་། ཏང་ཙུའི་ཁོངས་མི་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་འཚོག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས(འཆར་ཟིན)》གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) 《བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག(འཆར་ཟིན)》(གནས་སྐབས་གཏན་འཁེལ་བྱས་པའི་མིང)གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་སྲོལ(བཟོ་བཅོས་འཆར་ཟིན)》གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི།《བོད་རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་འཕྲིན་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་ཞུ་བཅས་ལ་ཞིབ་འཇུག་བྱས་པ་རེད། ད་དུང《ལྷ་ས་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྲོལ་ཡིག》དང་། 《གཞིས་རྩེ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲོལ་ཡིག》《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་སྲོལ་ཡིག》《ཉིང་ཁྲི་གྲོང་ཁྱེར་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྲོལ་ཡིག》བཅས་ཀྱི་ཞིབ་བཤེར་སྙན་ཞུར་ཁག་སོ་སོར་ཞིབ་འཇུག་བྱས་པ་དང་། འཐུས་མི་ལ་ལའི་འཐུས་མིའི་ཐོབ་ཐང་སྐོར་གྱི་འཐུས་མིའི་ཐོབ་ཐང་གི་སྙན་ཞུ་དང་སྤྱི་བསྒྲགས(མ་ཟིན)དང་། མི་དོན་བསྐོ་འཐེན་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། གཞན་ཡང་2020ལོའི“ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད—བོད་ཀྱི་བྱ་སྤྱོད”བྱེད་སྒོ་སྤེལ་ཚུལ་སྐོར་གྱི་སྙན་ཞུ་དང་། བཟོ་ཚོགས་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་ལག་བསྟར་བྱེད་ཚུལ་ལ་ཞིབ་བཤེར་བྱེད་རྒྱུའི་སྐོར་གྱི་སྙན་ཞུ། རང་ལྗོངས་ཀྱི་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་འཛུགས་སྐྱོང་བྱེད་ཚུལ་སྐོར་གྱི་ཆེད་དོན་བརྟག་ཞིབ་སྙན་ཞུ། 2019ལོ་འཁོར་གྱི་རིམ་པ་འདི་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་རྩིས་བཤེར་གཞན་དག་ལས་རྩད་ཆོད་པའི་གནད་དོན་དག་ཐེར་བྱེད་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ། 2019ལོ་འཁོར་གྱི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱེད་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གི་སྙན་ཞུ་བཅས་གསན་པ་རེད། གོང་གསལ་གྱི་གྲོས་གཞི་དང་། དོན་གནད། སྙན་ཞུ་བཅས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་གྲོས་ཞིབ་བྱེད་རྒྱུར་འབུལ་བའམ་ཡང་ན་ཡིག་ཐོག་ནས་ཚོགས་འདུར་འགྲེམས་པའི་མོས་མཐུན་བྱས་པ་རེད།

ཚོགས་འདུའི་ཐོག་དམངས་དོན་ཁྲིམས་གཞུང་དང་འབྲེལ་བའི་ཁྲིམས་སྲོལ་ཆེད་དོན་གཙང་བཤེར་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་གསན་ཞིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཆུས་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རང་ལྗོངས་སུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་ཕྱོགས་ཡོངས་ནས་གཙང་བཤེར་བྱེད་དགོས་པ་དང་འབྲེལ། ཐག་གཅོད་བསམ་འཆར་ཡང་འདོན་དགོས་ཞེས་བསྟན་པ་དང་། རྩ་དོན་ཐོག་ནས་སྙན་ཞུར་མོས་མཐུན་བྱུང་བས། གོ་རིམ་ལྟར་དུས་ཐོག་ཏུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་ལ་སྙན་སེང་ཞུ་དགོས་པ་དང་འབྲེལ། ཐག་གཅོད་བསམ་འཆར་དོན་འཁྱོལ་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

(པ་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)