《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月24日

ཉིང་ཁྲི་གྲོང་ཁྱེར་གྱིས་སྐབས་བཞི་པའི་ཀུན་སྤྱོད་དཔེ་བཟང་བར་གཟེངས་བསྟོད་བྱས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཉིང་ཁྲི་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་བཅས་ཀྱིས་གཙོ་གཉེར་བྱས་པའི“དུས་རབས་གསར་པར་མདུན་སྐྱོད་བྱེད། དཔེ་བཟང་རང་གི་ཉེ་སར་གནས”པའི་ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་བཞི་པའི་ཀུན་སྤྱོད་དཔེ་བཟང་བར་གཟེངས་བསྟོད་བྱེད་པའི་མཛད་སྒོ་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་པ་རེད།

ད་ཐེངས་ཀྱི་དཔྱད་འདེམས་བྱེད་སྒོ་འོས་སྦྱོར་རྒྱ་ཁྱབ་དང་། ཐོབ་ཐང་ཞིབ་བཤེར། སྤྱི་ཚོགས་ཐོག་ཡོངས་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད་ཉིང་ཁྲི་གྲོང་ཨུད་ལ་ཞིབ་བཤེར་གཏན་འབེབས་བྱེད་རྒྱུར་ཕུལ་ཡོད། དཔྱད་བསྡུར་གཏན་འབེབས་བརྒྱུད་ཉིང་ཁྲི་གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱིས“རྒྱལ་གཅེས་ཁྲིམས་སྲུང”དང་། “གཞན་ཕན་ལས་ལ་དགའ་བ”“ལས་བཀུར་ལེགས་སྐྱེས”“ཟོལ་མེད་ཡིད་རྟོན”“རྒན་བཀུར་གཉེན་གཅེས”“བདེན་པའི་རྒྱབ་ལངས”བཅས་རིགས་དྲུག་ལ་དབྱེ་ནས། སྟག་ལུང་སོགས་བློ་མཐུན་11ལ་སྐབས་བཞི་པའི་ཉིང་ཁྲི་གྲོང་ཁྱེར་གྱི་ཀུན་སྤྱོད་དཔེ་བཟང་བའི་མཚན་སྙན་སྤྲད་པ་རེད།

ཀྲི་པུའི་ཧྲུའུ་ཅི་རྒན་གྲས་སྟག་ལུང་ལས་གནས་དང་ཁ་བྲལ་ཡང་འགན་འཁྲི་འཁུར་བ་དང་རྒན་ཡོལ་ཞུས་ཀྱང་ལས་ཀ་བྱེད་མཚམས་མི་བཞག་པར་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་ཡོན་གྱི་སྤྱིར་བཏང་ཡིན་ལ་གཟི་བརྗིད་ལྡན་པའི་མི་ཚེའི་རིན་ཐང་བཏོད་པ་དང་། དང་བླངས་ཞབས་ཞུའི་སྒྲིག་འཛུགས་པ་ཉི་མ་སྒྲོལ་དཀར་གྱིས་སེམས་བཟང་དང་ལྷག་བསམ་རྣམ་དག་གི་སྒོ་ནས“མི་ཡུལ་དུ་བརྩེ་བ་ཟབ་མོས་ཁེངས་པའི”བདེན་དཔང་བྱས་པ། གོས་དཀར་སྨན་པ་པའེ་ཅུས་ཀྱིས་སྨན་པའི་ལྷད་མེད་རང་མདངས་མངོན་པར་བྱས་པ། ཨ་མ་རིག་འཛིན་ལྷ་མོས་ལས་ལ་བརྩོན་ནས་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་། ཁ་དན་ཚིག་གནས་ཀྱིས་སྤྱིར་བཏང་མིན་པའི་མི་ཚེའི་རིན་ཐང་བཏོད་པ། དབུལ་སྒྲོལ་གྱི་དྲང་ནུས་བརྒྱུད་སྤྲོད་བྱས་པ། སྒྲོལ་མ་ཆོས་འཛོམས་ཀྱིས་ལོ་ཉི་ཤུ་ཉིན་གཅིག་ལྟར་བརྩིས་ནས་གྲིབ་སྐྱོན་ཕོག་པའི་རྨོ་བོར་ལྟ་རྟོག་བྱས་ཏེ་ཆེས་རྒྱུན་གཏན་གྱི་འཚོ་བར་སེམས་བཟང་དང་སྲི་ཞུའི་དྲོ་སྐྱིད་ཀྱིས་ཁེངས་པར་བྱས་པ་སོགས་ཁོང་ཚོའི་མཛད་རྗེས་ནི་བརྩེ་སེམས་དང་དགེ་བས་ཁེངས་པ་ཞིག་ཡིན་པ་དང་། གཞན་དོན་ཆེད་འབད་རྒྱུའི་དམ་བཅའ་བརྟན་སྲུང་བྱས་པ་ཞིག་ཡིན་ལ། ཆེས་སྤྱིར་བཏང་གི་མི་ཚེའི་ཁྲོད་ཀྱི་རླབས་ཆེན་བྱ་གཞག་ཞིག་དེ་བས་ཡིན་པས། དེ་གར་ཡོད་པའི་ལྟད་མོ་བ་ཚང་མར་སེམས་འགུལ་ཆེན་པོ་ཐེབས་པ་མ་ཟད་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)