《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月24日

ལུས་རྩལ་ལ་རོལ་བ།

ཉེ་ཆར་རང་སྐྱོང་ལྗོངས་ས་གཤིས་རྩད་ཞིབ་ཅུས་ཀྱིས“ས་གཤིས་རྩད་ཞིབ་འཕེལ་རྒྱས་བཏང་ནས་ས་གནས་ལ་ཞབས་འདེགས་ཞུ——བོད་ཀྱི་ས་གཤིས་རྩད་ཞིབ་བྱ་སྤྱོད”བརྗོད་དོན་གཙོ་བོར་བྱས་པའི་ལས་བཟོའི་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པ་གཉེར་ཞིང་། དེ་ནི་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་དང་བོད་ཀྱི་ས་གཤིས་རྩད་ཞིབ་ཀྱི་ལས་བྱེད་ལས་བཟོའི་ཧུར་སེམས་དང་། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་ཆེད་ཡིན་པ་རེད། ལུས་རྩལ་འགྲན་ཚོགས་དུས་ཡུན་ཉིན་15ཡིན་པ་དང་བསྡོམས་ལས་བཟོ་400ལྷག་ཙམ་གྱིས་ལན་ཆིའུ་སྤོ་ལོ་དང་། རྐང་རྩེད་སྤོ་ལོ། ཕིང་ཕང་སྤོ་ལོ། 4×100ཡི་རྒྱུག་མཐུད་འགྲན་བསྡུར། ཐག་འཐེན་འགྲན་བསྡུར། ཤོ་རྩེད་བཅས་རྣམ་གྲངས་དྲུག་གི་འགྲན་བསྡུར་ལ་ཞུགས་ཡོད།

① 4×100ཡི་རྒྱུག་མཐུད་འགྲན་བསྡུར་བྱེད་བཞིན་པ།

② ཐག་འཐེན་འགྲན་བསྡུར་བྱེད་བཞིན་པ།