《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月24日

རང་ལྗོངས་ཀྱི་ཁང་སྐྲུན་གྲོང་སྲིད་ལས་གྲྭའི་ཁྱབ་ཁོངས་ཀྱི་ཨར་པོ་བའི་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ་ཁྱབ་ཚད་91%ཟིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་ཞིང་པ་ལས་མིའི་ཁེ་དབང་འགན་ལེན་ཏན་ཏིག་བྱ་ཆེད། ན་ནིང་ནས་བཟུང་རང་སྐྱོང་ལྗོངས་འཛུགས་སྐྲུན་ཐིང་གིས་སྣེ་འཁྲིད་པ་དང་། རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་། ཆུ་བེད་ཐིང་། ནོར་སྲིད་ཐིང་། རྒྱལ་ཁབ་ས་ཆ་ཐིང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་བཅས་དེར་ཞུགས་ནས་གཞོགས་འདེགས་བྱས་ཏེ། ལས་གྲྭའི་ཁྱབ་ཁོངས་ཀྱི་ངལ་རྩོལ་ལས་མི་སྤྱོད་པའི་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ་དང་གླ་ཕོགས་དངུལ་ཁང་གི་ཚབ་སྤྲོད་ལས་དོན་ལ་སྐུལ་འདེད་བཏང་ནས་རང་ལྗོངས་ཀྱི་ཨར་པོ་བའི་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་སྟེགས་བུ་ཕྱོགས་ཡོངས་ནས་རིམ་སྤོར་སྒྱུར་བཀོད་བྱས་པ། མིག་སྔའི་བར། རང་ལྗོངས་ཀྱི་ཁང་སྐྲུན་གྲོང་སྲིད་ལས་གྲྭའི་ཁྱབ་ཁོངས་ཀྱི་ཨར་པོ་བའི་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ་ཁྱབ་ཚད་91%ཟིན་ནས་ལོ་མཇུག་ཏུ་གཞི་རྩའི་ཆར་ཁྱོན་ཡོངས་ལ་ཁྱབ་པ་བྱེད་རྒྱུ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར། ལས་གྲྭའི་ཁྱབ་ཁོངས་ཀྱི་ངལ་རྩོལ་ལས་མི་སྤྱོད་པའི་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ་ལས་དོན་ལ་སྔར་བས་ལྟ་སྐུལ་བྱ་ཆེད། ཉེ་ཆར་རང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་ཞིང་པ་ལས་མིའི་མིང་ངོ་མ་འགོད་པའི་ལམ་ལུགས་དོ་དམ་དོན་འཁྱོལ་ནན་པོ་བྱས་མེད་པའི་ཁེ་ལས་457དང་ཁང་སྐྲུན་དང་གྲོང་སྲིད་ལས་གྲྭའི་རིགས་ཀྱི་རྣམ་གྲངས་1279དང་འབྲེལ་བ་ཡོད་རིགས་ལ་བརྡ་ཐོ་བཏང་བ་དང་སྐོང་འདྲི་བྱས་པ་མ་ཟད། 《ཞིང་པ་ལས་མིའི་གླ་ཕོགས་འགན་ལེན་བྱེད་པའི་སྲོལ་ཡིག》གི་བླང་བྱ་གཞིར་བཟུང་། དུས་ཆད་ལྟར་ལེགས་སྒྲིག་མ་བྱས་གོང་ལས་གྲྭ་གསར་པ་འགན་གཙང་ལེན་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད།