《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月23日

ཀོང་པོ་རྒྱ་མདའ་རྫོང་གི་ཞིང་འབྲོག་པ་ ཀྲུང་ཧྲན་དུ་གླ་པར་བསྐྱོད་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀོང་པོ་རྒྱ་མདའ་རྫོང་གི་ཞིང་ཆེན་ལས་བརྒལ་བའི་ལས་ཞུགས་གཞན་སྒྱུར་གྱི་ཞིང་འབྲོག་པ་ཁག་དང་པོ་ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་དུ་འབྱོར་ཞིང་། ཁོང་ཚོས་དེ་གར་ལས་གནས་གསར་པའི་ཐོག་བསྐྱོད་དེ་ཀོང་པོ་རྒྱ་མདའ་རྫོང་གི་སྒྲིག་འཛུགས་ཅན་གྱི་ཞིང་ཆེན་བརྒལ་ནས་ཕྱིར་གཏོང་བྱས་པའི་ལས་ཞུགས་གཞན་སྒྱུར་གྱི་འགོ་ཐོག་མ་དེ་འཛུགས་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་འབྲོག་པའི་སྲོལ་རྒྱུན་གྱི་ལས་ཞུགས་ལྟ་བར་འགྱུར་ལྡོག་བཏང་སྟེ་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ངལ་ནུས་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་ཆེད། ཀོང་པོ་རྒྱ་མདའ་རྫོང་གིས“སྲིད་གཞུང་གི་སྣེ་ཁྲིད་དང་། ཁ་གཏད་བོད་སྐྱོར། ངལ་ནུས་མཐུན་སྦྱོར་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་དེ། “ཞིང་ཆེན་བརྒལ་བའི་ལས་ཞུགས་ཐད་གཏོང་ཐབས་ལམ”བཏོད་ཡོད། ཞིང་དལ་གྱི་ཁོམ་པ་གང་ལེགས་སྤྱད་དེ་གྲོང་གསེབ་ཀྱི་ངལ་ནུས་ལྷག་མ་ཕྱིར་གཏོང་བྱས་ནས་ལས་ཞུགས་བོད་སྐྱོར་གྱི་ཐབས་ལམ་དང་ལས་ཞུགས་ལས་གནས་མཐུན་སྦྱོར་བྱས་པ་བརྒྱུད། ཀོང་པོ་རྒྱ་མདའ་རྫོང་གི་ཞིང་ཆེན་བརྒལ་བའི་ལས་ཞུགས་གཞན་སྒྱུར་གྱི་སྒྲིག་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད་པ་རེད།