《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月23日

རང་ལྗོངས་སུ་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཁྱོན་ཡོངས་ནས་ཁྱབ་པ།

གྲོང་ཚོའི་འཚོ་བའི་གད་སྙིགས་90%ཡན་གཙང་སེལ་ཐུབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་21ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ཞིབ་བཤེར་རྩིས་ལེན་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་ལམ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2018ལོ་ནས་བཟུང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་མ་ཟད། གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ནས་གྲོང་གསེབ་ཀྱི་ཁྱིམ་སྤྱོད་འཕྲོད་བསྟེན་གསང་སྤྱོད་ཁྲི་10ལྷག་ཙམ་སྒྱུར་བཀོད་བྱས་པས། ཞིང་འབྲོག་ཁུལ་དུ་འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད་45%ལས་བརྒལ་ནས། གྲོང་ཚོའི་འཚོ་བའི་གད་སྙིགས་90%ཡན་གཙང་སེལ་ཐུབ་ཡོད་པ་རེད།

མིག་སྔའི་བར། ལྗོངས་ཡོངས་ཀྱི“གཙང་སེལ་བཞི་དང་ལེགས་བཅོས་གཉིས”ཀྱི་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཁྱོན་ཡོངས་ལ་ཁྱབ་པ་དང་། ཚད་ལྡན་མིན་པའི་གད་སྙིགས་སྤུངས་ས་ཚང་མ་བཅོས་སྒྲིག་ཟིན་པ། 30%ཡན་གྱི་གྲོང་ཚོ་དང་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གང་བྱུང་དུ་ཕྱིར་འབུད་བྱེད་པར་དོ་དམ་ཚོད་འཛིན་ཐུབ་པ། གྲོང་ཚོ་136གིས་མཛེས་སྡུག་སྡོད་མལ་ལ་འཚམ་པའི་དཔེ་སྟོན་གྲོང་ཚོ་བསྐྲུན་པས། གྲོང་ཚོའི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།