《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月23日

ཆེ་དགྲ་ལྷས་དུས་ཐེངས་གཉིས་པའི་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་ཟུར་ཁྲིད་འཛིན་གྲྭར་ནན་བཤད་གནང་དོན།

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་20ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཚེས་19ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་དུས་ཐེངས་གཉིས་པའི་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་གི་ཆེད་དོན་བགྲོ་གླེང་ཟུར་ཁྲིད་འཛིན་གྲྭར་ཟུར་ཁྲིད་སྙན་ཞུ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་རེད།

སྙན་ཞུའི་ཚོགས་འདུའི་ཐོག་ཆེ་དགྲ་ལྷས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དམ་པོར་དམིགས་ཏེ་སློབ་སྦྱོང་གི་མྱོང་ཚོར་དང་ཟུང་འབྲེལ་གྱིས“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་པ”བཅས་གཙོ་གནད་དུ་བྱས་ནས“ངོས་འཛིན་གཏིང་ཟབ་ཇི་ལྟར་བྱེད་པ་དང་། ཁོང་དུ་ཡང་དག་པར་ཇི་ལྟར་ཆུད་པ། གཙོ་རྐང་མངོན་གསལ་དོད་པོར་ཇི་ལྟར་ཡོང་བ་བྱེད་པ། ལག་བསྟར་དོན་འཁྱོལ་ཇི་ལྟར་བྱེད་པ”སོགས་ཀྱི་ཐད་ནས་ཚང་མར་རྒྱལ་སྤྱི་དང་རྒྱལ་ནང་སྤྱི་འདོམས་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) གཞི་ཆེན་དང་བྱེ་བྲག་ཟུང་དུ་འབྲེལ་ཞིང་། ནང་དོན་ཕུན་སུམ་ཚོགས་པ་དང་། གོ་བདེ་དོན་ཟབ། གསོན་ཉམས་དོད་པ་བཅས་ཀྱི་ཟུར་ཁྲིད་སློབ་ཚན་ཞིག་ཁྲིད་པ་རེད།

ཆེ་དགྲ་ལྷས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། གསལ་པོར་རྟོགས་པ། དངོས་སུ་སྒྲུབ་པ་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་རེད། ང་ཚོས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་བཅས“གསར་པ་གསུམ”གྱི་ནང་དོན་དང་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པར་བྱས་ནས། “སྤྲོད་པ་གསུམ་དང་། ཕན་པ་གཅིག”གི་བླང་བྱ་ལྟར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དེ་གསར་གཏོད་འཕེལ་རྒྱས་ཐད་་མཐའ་གཅིག་ཏུ་མཚོན་པར་བྱས་ཏེ་འདུ་ཤེས་གསར་གཏོད་དང་། ཚན་རྩལ་གསར་གཏོད། ཐོན་ལས་གསར་གཏོད་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དེ་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཐད་མཐའ་གཅིག་ཏུ་མཚོན་པར་བྱས་ཏེ་ལྟེ་བའི་གྲོང་ཁྱེར་དང་མཐའ་མཚམས་ས་ཁུལ་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ། མཉམ་སྦྲེལ་མཉམ་གཏོད་ཀྱི་རྣམ་པ་གསར་པ་བཅས་ནུས་ཤུགས་ཡོད་རྒུས་གཏོད་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དེ་ལྗང་མདོག་འཕེལ་རྒྱས་ཐད་མཐའ་གཅིག་ཏུ་མཚོན་པར་བྱས་ཏེ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་དང་། སྣོད་བཅུད་བདེ་འཇགས་སྲུང་ཡོལ། སྣོད་བཅུད་འཁོར་རྒྱུག་དཔལ་འབྱོར་བཅས་འཛུགས་སྐྲུན་ཤུགས་ཆེན་བྱེད་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དེ་སྒོ་དབྱེ་འཕེལ་རྒྱས་ཐད་མཐའ་གཅིག་ཏུ་མཚོན་པར་བྱས་ཏེ་ས་ཁོངས་སྒོ་དབྱེའི་ཆུ་ཚད་དང་། ཁ་གཏད་རོགས་སྐྱོར་གྱི་སྒོ་དབྱེའི་ཆུ་ཚད། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ཆུ་ཚད་བཅས་མཐོ་རུ་གཏོང་བ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དེ་འཕེལ་རྒྱས་མཉམ་སྤྱོད་ཐད་མཐའ་གཅིག་ཏུ་མཚོན་པར་བྱས་ཏེ་སྤྱི་དབང་དཔལ་འབྱོར་དང་། དམངས་གཉེར་དཔལ་འབྱོར། སྤྱི་ཚོགས་བྱ་གཞག་བཅས་འཕེལ་རྒྱས་བཏང་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོ་བདེ་འཇགས་མཐའ་གཅིག་ཏུ་ཡོང་བར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཆེ་དགྲ་ལྷས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་བླང་བྱ་དེ་བས་མཐོ་བ་དང་ཚད་གཞི་སྔར་ལས་ནན་པར་བརྟེན་ནས“འཇོན་ཐང་བདུན”སྦྱོང་བརྡར་བྱེད་པ་དང་། ཞིབ་ཕྲ་ནས་འགོ་བརྩམས་ཏེ་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་མཉམ་དུ་སློབ་སྦྱོང་དང་མཉམ་དུ་ལས་དོན་བསྒྲུབས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་དོན་འཁྱོལ་ཏན་ཏིག་ཡོང་བ་བྱེད་དགོས། སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་རང་ཉིད་སྒྱུར་བཅོས་མགྱོགས་སུ་བཏང་སྟེ“བསམ་ཕྱོགས་ཡོད་པ་དང་། བྱས་རྗེས་འཇོག་པ། དམངས་དོན་ལ་སྣང་ཆེན། ཁྲིམས་སྐྱོང་ལ་སྣང་ཆེན། ལས་ཕྱོད་ལ་སྣང་ཆེན། སྤྱོད་གཙང་ལ་སྣང་ཆེན”བཅས་བྱེད་པའི་དུས་རབས་གསར་པའི་བྱས་རྗེས་ཆེ་བའི་སྲིད་གཞུང་འཛུགས་སྐྱོང་ཧུར་ཐག་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།