《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月19日

མང་ཚོགས་ཀྱི་བདེ་ཐང་སྲུང་བ།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མཚོ་བོད་ས་མཐོའི་དམིགས་བསལ་གྱི་ཁོར་ཡུག་དང་སྐྱེ་དངོས་སོགས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་ཚན་རིག་ལག་རྩལ་ལ་བརྟེན་ནས་མཚོ་བོད་ས་མཐོར་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་པ་འཐབ་ཇུས་ཀྱི་དམིགས་ཚད་དུ་བྱེད་པ་དང་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་མཛུབ་ཁྲིད་དུ་བྱས་ཏེ་ནད་ཐོག་སྨན་བཅོས་དང་། སློབ་ཁྲིད། ཚན་རིག་ཞིབ་འཇུག་བཅས་གཞི་གཅིག་ཏུ་བསྡུས་པའི་སྨན་བཅོས་ཚན་རྩལ་གསར་གཏོད་མ་ལག་བཙུགས་ནས་ས་མཐོའི་གསོ་རིག་ཤེས་ལྡན་པ་མགྱོགས་མྱུར་གསོ་སྐྱོང་དང་དཀའ་གནད་ཆེ་བའི་ནད་གཞི་སྨན་བཅོས་བྱེད་པའི་ཆུ་ཚད་མཐོ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཞིང་། འདི་ནི་བོད་རང་སྐྱོང་ལྗོངས་སྨན་རྫས་ཞིབ་བཤེར་ཁང་གི་ལག་རྩལ་མི་སྣས་སྨན་རྫས་ལ་བརྟག་དཔྱད་བྱེད་བཞིན་པ།