《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月18日

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཐོན་ལས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཚེས་16ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཐོན་ལས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས་ཆེད་དོན་ཚོགས་ཆུང་ཁག་གི་དུས་ཚིགས་དང་པོ་ནས་གསུམ་པ་བར་གྱི་ལས་དོན་སྙན་སེང་དང་། ལྷག་པར་དུ་ཐོན་ལས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཞི་པའི་ལག་བསྟར་དོན་འཁྱོལ་གནས་ཚུལ་གསན་པ་དང་སྦྲགས། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་། དབང་ཧའེ་ཀྲོའུ། ཀྲང་ཡུང་ཙེ། མོང་ཞའོ་ལིན། ཀྲང་ཧུང་པོ། ཕུར་བུ་དོན་གྲུབ་བཅས་ཚོགས་འདུར་ཞུགས་པ་རེད།

ཆེ་དགྲ་ལྷས་འདི་ལོ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐོན་ལས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཐབས་མང་མཉམ་སྤྱོད་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་བྱེད་པའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ནས། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཐོན་ལས་འཛུགས་སྐྲུན་གྱི་ལས་དོན་ཁག་གི་འཕེལ་རིམ་བདེ་བླག་བྱུང་བ་དང་། ཐོན་ལས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལྷག་དོན་དུ་ཞིང་འབྲོག་པ་ཁྲི་60.1ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་43.4བྱུང་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད་ཅེས་གསུངས་པ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཆེ་དགྲ་ལྷས་ཐོན་ལས་འཕེལ་རྒྱས་དང་ཞབས་འདེགས་ཞུ་སྟངས་གསར་གཏོད་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་རྒྱུའི་སྐོར་གྱི་རང་ལྗོངས་ཀྱི་སྲིད་ཇུས་བྱ་ཐབས་འགའ་ཞིག་སོགས་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། ཁྲོམ་རའི་བྱེད་པོའི་ཧུར་སེམས་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་ཁྲོམ་རའི་བྱེད་པོ་སྣ་ཚོགས་མཐུན་སྦྱོར་འཕེལ་རྒྱས་དེ་བས་ལེགས་པ་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཐུབ་པ་བྱེད་དགོས། ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཚན་རྩལ་ནུས་པ་འདོན་སྤེལ་གང་ལེགས་དང་། ཚན་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། རྒྱུན་མཁོའི་ལག་རྩལ་ཞིབ་འཇུག་དང་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་དང་བོད་ལ་སྤྲད་པའི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་གང་ལེགས་དང་སྐབས་བསྟུན་སྤྱད་དེ་ཀུན་ཕན་དངུལ་རྩའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། “ཐོན་ལས་ཆེན་པོ་བདུན”གྱི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཟབ་གཏོང་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ཕག་པ་དང་ནོར་ལུག་སོགས་ས་མཐོའི་སྲོག་ཆགས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཕག་པ་དང་ནོར་ལུག་སོགས་ཚོང་ཟོག་ཏུ་འགྱུར་ཚད་དང་ལས་སྣོན་བྱེད་ཚད་མཐོ་རུ་གཏོང་བ། སའི་གོ་ལའི་སྣེ་གསུམ་པའི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཧུར་ཐག་གཏོད་པ། མཁའ་ལམ་དང་དུས་གཏན་གནམ་གྲུ་གསར་སྣོན་བྱེད་པ། མཐོ་གསར་གྲངས་གཞིའི་ཐོན་ལས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཟོག་འགྲེམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་ཚོང་དོན་ཟོག་འགྲེམས་ཞིང་འབྲོག་ཁུལ་དུ་སྣུར་སྲིང་བྱེད་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་འགོ་ཁྲིད་ཨང་དང་པོ་ངོ་མས་དམ་འཛིན་དང་། ཁག་བགོས་འགོ་ཁྲིད་ཀྱིས་ཞིབ་ཕྲའི་དམ་འཛིན་བྱེད་པའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ་དང་། དམིགས་ཚད་ལས་འགན་ལ་དམིགས་པ། ས་གནས་དེ་གའི་མང་ཚོགས་ལ་འཆར་གཞི་ཡོད་པ་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་ལས་ཞུགས་གཞན་སྒྱུར་ལ་སྐུལ་ཁྲིད་བྱེད་པ། རང་ས་རང་ཡུལ་ནས་ཁ་འབྲལ་མི་དགོས་པར་ལས་ཞུགས་ཡག་པོ་བྱེད་པ་དང་དུས་མཚུངས་སུ། མང་ཚོགས“ཕྱིར་བསྐྱོད་རྒྱུར”ཁྲིད་སྟོན་ཧུར་ཐག་བྱེད་པ། ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐོབ་སྣང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)