《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月17日

“བག་སོབ་ཆུང་ཆུང”བཟོས་ནས“ཐོན་ལས་ ཆེན་པོ”འཕེལ་རྒྱས་གཏོང་བ།

ཉེ་བའི་ལོ་ཤས་རིང་། ཅང་ཤིས་ཞིང་ཆེན་ཙི་ཤིས་རྫོང་གིས་བག་སོབ་བཟའ་བཅའི་ཐོན་ལས་གྲོང་བསྐྲུན་པ་དང་། བག་སོབ་ཀྱི་རིག་གནས་དུས་ཆེན་འཚོགས་པ། བག་སོབ་ཐོན་ལས་འཁོར་འབྲེལ་ཡོངས་སུ་ཆགས་པར་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ས་གནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཙི་ཤིས་རྫོང་ལ་མི་འབོར་ཁྲི་12.6ཡོད་པ་ལས་མི་ཁྲི་5བག་སོབ་དང་དེ་འབྲེལ་གྱི་ཐོན་ལས་སུ་ལས་ལ་ཞུགས་པར་བརྟེན། “ཀྲུང་གོའི་བག་སོབ་ཀྱི་འབྱུང་གནས”ཞེས་པའི་མཚན་གྲགས་ཡོད། འདི་ནི་ཙི་ཤིས་རྫོང་གི་བག་སོབ་བཟའ་བཅའི་ཐོན་ལས་གྲོང་དུ་ལས་བཟོ་པས་བག་སོབ་བཟོ་བཞིན་པ།