《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月17日

གོམ་ཞེང་ཆེན་པོས་དུས་རབས་གསར་པར་སྐྱོད། རིག་གནས་གསར་གཏོད་བྱས་ནས་བོད་ལྗོངས་གསར་པ་སྐྲུན།

“སྤྲིན་ཚོམ་གྱི་རིག་གནས་ཐོན་རྫས་འགྲེམས་ཚོགས་ཀྱི་བོད་ལྗོངས་འགྲེམས་ཁང”སྒོ་ཕྱེ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་15ཉིན་གནས་ཚུལ་འབྱོར་གསལ། འདི་ལོ་རིག་གནས་ཐོན་རྫས་འགྲེམས་ཚོཌ་སྐབས་བཅུ་དྲུག་པར་དྲ་ཐོག་ནས་འགྲེམས་སྟོན་བྱེད་པའི་ཐབས་ལམ་སྤྱད་ཅིང་། བོད་རང་སྐྱོང་ལྗོངས་ཀྱིས་འགྲེམས་སྟོན་ནང་ཧུར་ཐག་ཞུགས་ནས་གོ་རིམ་ལྡན་པའི་ངང་གྲ་སྒྲིག་ཨང་བསར་བྱས་པ་བརྒྱུད། “སྤྲིན་ཚོམ་གྱི་རིག་གནས་ཐོན་རྫས་འགྲེམས་ཚོཌ་ཀྱི་བོད་ལྗོངས་འགྲེམས་ཁང”དྲ་ཐོག་ནས་བདེ་བླག་ངང་གཉེར་ཞིང་། དེ་རིང་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་དྲ་གྲོགས་ཚོས་ལྟ་ཐུབ་ཀྱི་ཡོད་པ་རེད།

འདི་ལོའི་རིག་གནས་ཐོན་རྫས་འགྲེམས་ཚོགས་གཙོ་གཉེར་ཕྱོགས་ཀྱི་བླང་བྱར་གཞིཌ་ནས་བོད་རང་སྐྱོང་ལྗོངས་ཀྱིས་དྲ་ཐོག་ཏུ་3Dའགྲེམས་ཁང་ཐོག་མར་བཙུགས་པའི་ཐབས་ལ་བརྟེན་ནས་རིག་གནས་ཐོན་རྫས་འགྲེམས་ཚོཌ་ཀྱི་བོད་ལྗོངས་འགྲེམས་ཁང་བཀོད་སྒྲིག་བྱས་ཡོད། འགྲེམས་ཁང་ལ་3Dདང་VRལག་རྩལ་ཟུང་དུ་འབྲེལ་བའི་ཐབས་ལམ་སྤྱད་པས་འགྲེམས་སྟོན་ནང་ཞུགས་པ་དང་འགྲེམས་སྟོན་ལ་ལྟ་བའི་ལས་སྟེགས་གསར་རྐྱང་ཞིག་བཏོད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་རིག་གནས་ཐོན་རྫས་འགྲེམས་ཚོཌ་ནང་རང་ལྗོངས་ཀྱི་རིག་གནས་དང་རིག་གནས་གསར་གཏོད་རིགས་ཀྱི་ཁེ་ལས་19ཞུགས་པ་དང་རིག་གནས་གསར་གཏོད་ཀྱི་འགྲེམས་རྫས་234འགྲེམས་སྟོན་བྱས་ཤིང་། དེ་དག་ཁྲོད་བོད་ལྗོངས་ཕོ་བྲང་པོ་ཏ་ལ་རིག་གནས་གསར་གཏོད་ཐོན་ལས་ཚད་ཡོད་ཀུང་སི་དང་། བོད་རང་སྐྱོང་ལྗོངས་རིག་དངོས་སྤྱི་ཁྱབ་ཚོང་ཁང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་རིག་གནས་སྒྱུ་རྩལ་ཐོན་རྫས་གསར་སྤེལ་ལྟེ་གནས་སོགས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པ་ཚུད་ཡོད་པ་རེད།

ད་རེས་ཀྱི་སྤྲིན་ཚོམ་གྱི་རིག་གནས་ཐོན་རྫས་འགྲེམས་ཚོགས(3Dདྲ་རྒྱའི་འགྲེམས་ཁང)ནང་ཞུགས་ཏེ། བོད་ཀྱི་འགྲེམས་ཁང་གིས“གོམ་ཞེང་ཆེན་པོས་དུས་རབས་གསར་པར་སྐྱོད། རིག་གནས་གསར་གཏོད་བྱས་ནས་བོད་ལྗོངས་གསར་པ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་རང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཁྲོམ་རའི་ལས་རྣམ་གཙོ་གནད་ཐོག་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་འདྲེས་བྱས་ནས་ནང་དོན་ཆེན་པོ་ལྔར་དབྱེ་ནས་འགྲེམས་སྟོན་བྱ་རྒྱུ་རེད། འགྲེམས་སྟོན་གྱི་འགྲེམས་རྫས་ཕུན་སུམ་ཚོགས་པོ་ཡོད། དེ་འགྲེམས་རྫས་ཀྱི་གྲས་སུ་རྟེན་རྫས་བཤམས་མཛོད་ཁང་གི་རིག་དངོས་ཡོད་ལ། ད་དུང་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་དང་། ཡུལ་སྐོར་ཐོན་རྫས། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་སོགས་ཀྱང་ཡོད་ཅིང་། དེ་དག་གིས་བོད་ཀྱི་སྣ་མང་ཕུན་སུམ་ཚོགས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ཁུངས་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་མངོན་པར་བྱས་ཡོད།