《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月17日

མཚོ་བོད་གློག་ཤུགས་དྲ་འབྲེལ་ལས་གྲྭ་ནས།

ད་ལོ་གློག་ཕྱིར་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་10ཡི་འགག་སྒོ་ཆེན་པོ་ལས་ཐེངས་དང་པོ་བརྒལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་15ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ཉིན་ཤས་གོང་། མཚོ་བོད་གློག་ཤུགས་དྲ་འབྲེལ་ལས་གྲྭས་2020ལོ་འཁོར་གྱི་བོད་གློག་ཕྱིར་གཏོང་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་འགྲུབ་ཐུབ་པ་དང་འབྲེལ་ཆུ་ཚོད་ཆན་ཝ་དུང་ཕྱུར་10ཡི་འགག་སྒོ་ཆེན་པོ་ལས་ཐེངས་དང་པོ་བརྒལ་ཞིང་། དེ་དུས་མཚུངས་ལས་འཕར་ཚད་15%ལྷག་ཙམ་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

2015ལོར་མཚོ་བོད་གློག་ཤུགས་དྲ་འབྲེལ་ལས་གྲྭ་ནས་བོད་གློག་ཕྱིར་གཏོང་ཐེངས་དང་པོ་བྱས་ཚུན། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གསར་གཏོད་དང་། མཐུན་སྦྱོར། འབྱུང་འཕྲོད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་བཙུགས་ཏེ་རང་ལྗོངས་ཀྱི་ཆུ་གློག་སོགས་དྭངས་གཙང་ནུས་རྒྱུ་ཕྱིར་གཏོང་བསྡུ་སེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མིག་སྔའི་བར་བོད་གློག་ཕྱིར་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་65.5ཟིན་པ་དེ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚད་ལྡན་རྡོ་སོལ་ཏུན་ཁྲི་216ཙམ་གྲོན་ཆུང་བྱས་པ་དང་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་ཁྲི་538ཉུང་དུ་བཏང་བ་དང་གཅིག་མཚུངས་རེད། ཀུང་སིས་རང་འགུལ་ངང་གོང་རིམ་གློག་དྲ་སྙོམས་སྒྲིག་སྒྲིག་གཞི་དང་སྦྲེལ་མཐུད་བྱས་ཏེ་རང་ལྗོངས་ཀྱི་གློག་སྤྱོད་དགོས་མཁོ་དང་ཆུ་ཤུགས་གློག་ཁང་ཁག་གི་འགྱུར་ལྡོག་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གློག་དྲ་སྙོམས་སྒྲིག་དང་གློག་ཤུགས་གློག་ཚད་དོ་སྙོམས་ཡོང་བར་སྐབས་ཐོག་ཏུ་འཁོར་འགྲིལ་ལེགས་སྒྲིག་ཡག་པོ་བྱས་པ་དང་འབྲེལ། གློག་ཤུགས་ཉོ་ཚོང་སྒྲིག་གཞི་དང་མཉམ་དུ་ཆུ་གློག་འབེལ་བའི་དུས་སུ་ས་ཁོངས་བརྒལ་ནས་གློག་ཤུགས་ཕྱིར་གཏོང་ཉོ་ཚོང་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་། གློག་དྲ་འཁོར་རྒྱུག་བྱེད་སྟངས་ལེགས་སུ་གཏོང་བ། ལྗོངས་ཕྱིའི་ཁྲོམ་རས་བསྡུ་སེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཕྱོགས་མང་པོར་བསྟུད་མར་ཤུགས་སྣོན་བརྒྱབ་པ་བརྒྱུད། བོད་ཀྱི་གློག་དྲས་གློག་ཕྱིར་གཏོང་ཚད་རྒྱུན་མཐུད་ནས་འཕར་ཐུབ་པའི་འགན་ལེན་ནུས་ལྡན་བྱས་པ་རེད།