《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月15日

ཡཱ་ཙེ་ཆུང་ཆུང་ལ་བརྟེན་ནས་ཐོན་ལས་ ཆེན་པོར་སྐུལ་འདེད་བཏང་བ།

→ ཐ་ཁེ་ལ་མ་ཀན་བྱེ་ཐང་གི་མཐའ་མཚམས་སུ་གནས་པའི་ཤིན་ཅང་ཧོ་ཐན་ས་ཁུལ་ལོ་ཕུ་རྫོང་ནི་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་ཞིག་རེད། ས་རྒྱ་ཆུང་ལ་མི་མང་བ་དང་ཐོན་ལས་གྲུབ་ཆ་རྐྱང་པ་ཡིན་པ་དེ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་བཟོ་མཁན་གྱི་འཇུར་མིག་ཏུ་གྱུར་ཡོད།

ཉེ་བའི་ལོ་ཤས་རིང་ལོ་ཕུ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཁྲོད་ཁྲོམ་རར་འཕེལ་རྒྱས་གནད་སྨིན་བྱུང་བ་དང་ཐོན་ལས་འཁོར་སྦྲེལ་ཆ་ཚང་བའི་ཡཱ་ཙེ་གསོ་ཚགས་ཐོན་ལས་ནང་འདྲེན་ཧུར་ཐག་བྱས་ཏེ“ཀུང་སི་+མཉམ་ལས་ཁང་+རོགས་རེས་ཚོགས་ཆུང་+ཞིང་དུད”ཀྱི་མཉམ་ལས་བྱེད་སྟངས་གཞིར་བཟུང་ཤང་དང་གྲོང་རྡལ་6ལ་མཉམ་ལས་ཁང་8དང་གསོ་ཚགས་རྟེན་གཞི་11བཙུགས་ནས་ཞིང་པའི་དབུལ་སྒྲོལ་འབབ་འཕར་ལ་སྐུལ་ཁྲིད་བྱས་ཡོད། འདི་ནི་ལོ་ཕུ་རྫོང་ཧྥེན་ཏའོ་ཁྱིམ་བྱ་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ནས་པར་བླངས་པའི་ཡཱ་ཙེ་ཡིན་པ།