《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月15日

གྲོང་ཁྱེར་གྱི་དཔེ་དེབ་ཁང་ནས་དཔེ་དེབ་ཀྱི་དྲི་བསུང་ལྷག་པར་འཐུལ།

← ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་གྱིས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ“དཔེ་དེབ་ཁང+ཀོག་ཧྥེ”དང“དཔེ་དེབ་ཁང+རིག་གནས་གསར་གཏོད”སོགས་ཀྱི་བྱེད་ཐབས་བརྒྱུད་གྲོང་ཁྱེར་དུ་དཔེ་དེབ་ཁང་མང་དག་ཅིག་བཙུགས་ནས་ཀློག་པ་པོར་སྤྱི་པའི་ལྟ་ཀློག་བར་མཐོངས་སྤུས་ལེགས་མཁོ་འདོན་བྱས་ཡོད། མིག་སྔར་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་དུ་རིན་མེད་སྒོ་ཕྱེ་བའི་གྲོང་ཁྱེར་གྱི་དཔེ་དེབ་ཁང་8ཡོད་པ་དང་། ཁྱོན་དཔེ་དེབ་ཁྲི་18ལྷག་ཙམ་དང་གློག་རྡུལ་དེབ་ཁྲི་23ལྷག་ཙམ་ཉར་ཚགས་བྱས་ཡོད། འདི་ནི་ཟི་ལིང་གྲོང་ཁྱེར་གྱི་གྲོང་ནུབ་ཁུལ་གྱི་དཔེ་དེབ་ཁང་ཞིག་ཏུ་གྲོགས་པོ་ཆུང་ཆུང་ཞིག་གིས་རང་སྦྱོང་བྱེད་བཞིན་པ།