《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月14日

དོགས་གནད་སེལ་བ།

ཉེ་ཆར་མལ་གྲོའི་སྣོད་བཅུད་ཁོར་ཡུག་ཡན་ལག་ཅུས་ཀྱིས“ཏང་དར་དམར། ཁོར་ཡུག་སྔོ”ཞེས་པའི་དྲིལ་བསྒྲགས་བརྗོད་གཞིར་དམིགས་ཏེ་ཁྲི་ཁང་གྲོང་ཚོའི་བཀོད་པ་བཅོས་སྒྲིག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཁོར་ཡུག་སྲུང་སྐྱོང་གི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་ལས། ཡུལ་མི་ཚང་མས་ཁོར་ཡུག་སྲུང་སྐྱོང་གོམས་གཤིས་ཤིག་ལ་འཇགས་པར་བྱས་ནས་མང་ཚོགས་ཚོས་འཕྲོད་བསྟེན་དང་། སྔོ་འགྱུར། སྒྲིག་ལམ་བཅས་དོན་འཁྱོལ་ནན་པོ་བྱེད་པ་དང་ཞིང་དུད་ཀྱི་སྒོ་རའི་ཕྱི་རོལ་གྱི་གད་སྙིགས་གཙང་སེལ་ལ་སྐུལ་ལྕག་བྱས་ཡོད། འདི་ནི་ལས་དོན་མི་སྣས་གྲོང་མིར་དཔྱད་གཞིའི་ཡིག་རིགས་སྤྲོད་པ་དང་ཆབས་ཅིག་དོགས་གནད་ལ་ལན་རྒྱག་བཞིན་པ།