《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月14日

རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ཚོགས་ཆུང་ཐེངས་བདུན་པ་དང་བརྒྱད་པས།

སྐོར་གཟིགས་བྱེད་ཀྱིན་སྒྱུར་བཅོས་བྱེད་པ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད།

འདི་ལོ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ཚོགས་ཆུང་ཐེངས་བདུན་པ་དང་བརྒྱད་པས་སྐོར་གཟིགས་བྱ་ཡུལ་ས་ཁུལ་དང་ཚན་པའི་ཏང་རྩ་འཛུགས་ཀྱི་འགན་ནུས་དང་འགན་འཁྲིར་ནན་པོ་གཞིགས་པ་དང་། “དོན་འཁྱོལ་བཞིར”དམིགས་ནས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་སྐོར་གཟིགས་ལས་དོན་གྱི་དོ་སྣང་བྱེད་ས་དང་། ཤུགས་རྒྱག་ས། དོན་འཁྱོལ་བྱེད་ས་བཅས་ལ་བརྩིས་ནས་སྐོར་གཟིགས་བྱེད་ཞོར་སྒྱུར་བཅོས་བྱེད་པ་དང་འཕྲལ་སྒྲུབ་འཕྲལ་བཅོས་དམ་འཛིན་བྱ་གཞིར་བྱས་ནས་མང་ཚོགས་ཀྱི་བདེ་རྩའི་ཁེ་ཕན་དང་འབྲེལ་བའི་གནད་དོན་20ལྷག་ཙམ་གྱི་ཐག་གཅོད་ལ་སྐུལ་འདེད་བཏང་བས། མང་ཚོགས་ཀྱིས་སྐོར་གཟིགས་ལས་དོན་ལ་ཡིད་ཆེས་བྱེད་ཤུགས་སྔར་བར་ཆེ་རུ་ཕྱིན་པ་དང་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

ནག་ཆུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་པའི་ལྷ་རི་རྫོང་ཉི་འོད་ཤང་ལ“བོད་བྱང་ཐང་གི་གཡུ་གཞོང་། མཛེས་སྡུག་ལྡན་པའི་ཞིང་ཁམས”ཞེས་འབོད་སྲོལ་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

2020ལོའི་ཟླ་8པའི་ཟླ་མཇུག་ཏུ། ཧུའུ་པེ་ཞིང་ཆེན་ཨེན་ཧྲེ་གྲོང་ཁྱེར་གྱི་སྐུ་ཞབས་ཧོང་ལགས་དང་ཁོང་གི་གྲོགས་པོ་ཚོས་སྒེར་འཁོར་བཏང་སྟེ་ཉི་འོད་ཤང་དུ་ཡུལ་སྐོར་ལ་བསྐྱོད། ཐོག་མར་ཉི་འོད་ཤང་དུ་སླེབས་སྐབས་སྐུ་ཞབས་ཧོང་ལགས་དང་བཅས་པ་ས་གནས་དེ་གའི་ངོ་མཚར་གྱི་རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་བཟང་པོས་ཡིད་དབང་བཀུག དགོང་མོ་ནང་མི་ཚོར་རང་ཉིད་བདེ་ཐང་ངང་འབྱོང་སོང་ཞེས་ཁ་པར་རྒྱག་དགོས་བསམས་ཀྱང་ཁ་པར་ལ་བརྡ་རྟགས་མེད་པར་གྱུར།

“ས་གནས་འདི་གའི་མང་ཚོགས་ཀྱིས་དེའི་གོང་གནད་དོན་དེ་སྲིད་གཞུང་ལ་སྙན་སེང་ཞུས་ཀྱང་། དོ་སྣང་བྱེད་མཁན་བྱུང་མེད” ཚུར་ལན་བསམ་འཆར་འབྱོར་རྗེས་ལྷ་རི་རྫོང་ཨུད་ཀྱིས་འཕྲལ་མར་དག་ཐེར་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ་དང་ཚོགས་འདུའི་ཐོག་རྫོང་དེའི་གློག་འཕྲིན་ཅུས་དང་སྒུལ་བདེ་ཀུང་སིའི་འགན་འཁུར་བས་སྐྱོན་ཞིབ་གཏིང་ཟབ་བྱས་པ་མ་ཟད། དག་ཐེར་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད། ལྷ་རི་རྫོང་ཨུད་ཀྱི་ལྟ་སྐུལ་འོག་རྫོང་དེའི་གློག་འཕྲིན་ཅུས་དང་སྒུལ་བདེ་ཀུང་སིས་འཕྲལ་མར་ཆེད་ལས་ལག་རྩལ་མི་སྣ་ཉི་འོད་ཤང་དུ་འཕྲིན་གཏོང་འགོག་རྐྱེན་སེལ་བར་བཏང་བ་མ་ཟད། མགྱོགས་མྱུར་སླར་གསོ་ཐུབ་ཡོད་པ་རེད།

ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ནི་དམངས་འཚོའི་ཐག་གཅོད་དཀའ་བའི་གནད་དོན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་སྒྱུར་བཅོས་ཀྱི་ཕན་པ་འཐོབ་པ་བྱེད་པ་དང་དོ་དམ་གྱི་ཕན་འབྲས་ཐོན་པ་མཐའ་འཁྱོངས་ཀྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་གཞི་ཆེ་རིགས་ཀྱི་འགན་བཅོལ། སྨན་བཅོས་རོགས་སྐྱོབ་སོགས་ཀྱི་ལམ་ལུགས་ལ་འགན་ལེན་བྱེད་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། དོ་དམ་གྱི་ཞབས་འདེགས་རྒྱུན་མཐུད་ལེགས་སུ་བཏང་བ། མི་དམངས་མང་ཚོགས་ཀྱི་སྨན་བཅོས་ཞབས་འདེགས་ཀྱི་དགོས་གལ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་བཅས་བྱས་ནས་མང་ཚོགས་ཀྱི“ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི”གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད། འོན་ཀྱང་དེའི་གོང་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དུ་སྐོར་གཟིགས་བྱེད་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ཚོགས་ཆུང་བདུན་པར་རྫོང་དེས་ཞིང་འབྲོག་པའི་སྨན་བཅོས་ཀྱི་འགྲོ་སོང་རྩིས་ཞུ་བྱེད་པར་ཟླ་བ་གཅིག་ཙམ་འགོར་གྱི་འདུག་ཅེས་པའི་གནས་ཚུལ་གྱི་སྙན་སེང་འབྱོར་བ་རེད།

“གནད་དོན་འདི་རིགས་ས་གནས་འདི་གའི་ཞིང་འབྲོག་མང་ཚོགས་མང་པོས་ང་ཚོར་བཤད་བྱུང”ཞེས་སྐོར་གཟིགས་ཚོགས་ཆུང་བདུན་པའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས། སྐོར་གཟིགས་ཚོགས་ཆུང་གིས་དུས་ཐོག་ཏུ་གནད་དོན་འདི་རིགས་སྨར་ཁམས་རྫོང་ཨུད་དང་ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ལ་ཞུས། རང་ཉིད་ཀྱི་འགན་འཁྲི་དང་ལས་ཀའི་དོན་དངོས་ཟུང་འབྲེལ་བྱས་ནས་དག་ཐེར་ཇུས་གཞིར་ཞིབ་འཇུག་ཞིབ་ཚགས་བྱས་ཏེ་གནད་དོན་དག་ཐེར་ལ་དམ་འཛིན་ལྷོད་མེད་དང་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཟིན་གྱི་ཡོད་པ་དང་དེ་ནི་འབྲོག་ལས་ཀྱི་རྫོང་ཞིག་རེད། ན་ནིང་ལོ་མཇུག་ཏུ་རྫོང་དེས་དབུལ་ཞྭ་མ་ཕུད་གོང་རྫོང་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1697གྱི་མི་7139ཡོད་པ་དང་དབུལ་པོ་ཐོན་ཚད་38%ཟིན་གྱི་ཡོད་ཅེས་ཁྱབ་བསྒྲགས་བྱས། རྫོང་དེའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་གཏོང་བ་དང་ས་གནས་དེ་གའི་མང་ཚོགས་ཀྱི་དབུལ་སྒྲོལ་ལ་རོགས་རམ་བྱ་ཆེད། རྒྱལ་ཁབ་ཀྱིས་བྱ་ཐབས་རབ་དང་རིམ་པ་བཏོན་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་ཆེན་སློབ་མ་སློབ་གྲྭར་འགྲོ་དཀའ་བའི་གནད་དོན་ཐག་གཅོད་ལ་རྒྱབ་སྐྱོར་བྱས་པའི་ནང་གལ་ཆེ་ཤོས་ཤིག་ནི་སྲིད་གཞུང་གིས་ལོ་ལྟར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་ཆེན་སློབ་མར་སློབ་གསོའི་རོགས་དངུལ་ངེས་ཅན་སྤྲོད་ཀྱི་ཡོད་པ་རེད།

“རྒྱལ་ཁབ་ཀྱིས་རང་ཉིད་ལ་རོགས་རམ་འདི་འདྲ་བྱས་པས་ངས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ནས་ཕྱིས་སུ་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱས་ཏེ་མེས་རྒྱལ་གྱི་བཀའ་དྲིན་འཇལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་རོགས་དངུལ་སྒོར་5000ལྷག་ཙམ་རག་པའི་ཤན་རྩ་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་གྲྭ་ཆེ་མོ་བ་བློ་བཟང་གིས་བཤད།