《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月13日

འདམ་གཞུང་རྫོང་གིས།

མང་ཚོགས་སྣོད་བཅུད་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ཚུན་དུ། འདམ་གཞུང་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ་དྲ་བའི་སྨྱན་སྦྱོར་གྱི་དྲིལ་བསྒྲགས་དང་དྲ་ཕྱིའི་བྱེད་སྒོ་བེད་སྤྱོད་གང་ལེགས་བྱས་ནས་ཕྱོགས་ཡོངས་དང་ཟུར་ཚད་མང་བའི་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། རྫོང་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་ཆེད་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་པ་དང་། རྫོང་ཡོངས་ཀྱི་གོང་འོག་ཚང་མ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་བྱ་སྤྱོད་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་སློང་བྱ་ཆེད་ནུས་པ་གལ་ཆེན་བཏོན་པ་རེད།

དམངས་ཡོངས་ཞུགས་ཤིང་། མང་ཚོགས་དབུལ་པོ་122ཆུའི་ཐོན་ཁུངས་ཀྱི་བདག་སྐྱོང་བ་དང་། ཆུ་ལོག་གི་གནོད་འཚེའི་སྒྲིག་བཀོད་ལྟ་སྲུང་པ། ས་ཆུ་སྲུང་འཛིན་ལྟ་སྐུལ་པ་བཅས་ཀྱི་འགན་འཁུར་བར་གདན་དྲངས་པ་དེ་དག་ཆུ་ཡུར་དང་གཙང་འགྲམ་གྱི་གད་སྙིགས་གཙང་སེལ་ལས་དོན་ནང་ཞུགས་པར་མི་རེར་ལོ་རེར་གླ་ཆ་སྒོར་3500སྤྲད་པ་དང་། གནད་སྨིན་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་165ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་པ་དང་གྲོང་གསེབ་ཀྱི་གད་པར་གདན་དྲངས་པ་དེ་དག་ཁོར་ཡུག་སྲུང་སྐྱོང་བཅོས་སྐྱོང་ལས་དོན་ནང་མཉམ་དུ་ཞུགས་པ་རེད།

མ་དངུལ་སྒོར་ཁྲི་70ལྷག་ཙམ་བཏང་བ་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་དོ་དམ་པ་16བསྡུས་པ་དེ་དག་འཚོ་བའི་གད་སྙིགས་བསྡུ་རུབ་དང་བརྒྱུད་འདྲེན། དེ་བཞིན་ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཁོར་ཡུག་བཅོས་སྒྲིག་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྤྱད་པ་རེད།

(ཟླ་བ་ཚེ་རིང་གིས་བསྒྱུར་ཅིང་ཞུས)