《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月13日

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་11ཉིན་གནས་ཚུལ་འབྱོར་གསལ། ཚེས་10ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་ལས་དོན་འཁོར་རྒྱུག་གི་གནས་ཚུལ་ལ་ཕྱོགས་སྡོམ་དང་དབྱེ་ཞིབ་གནང་བ་མ་ཟད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་བསམ་ཕྱོགས་དང་། “དྲ་སྦྲེལ་+སྲིད་དོན་ཞབས་ཞུའི”ལས་དོན། སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་བསྡུ་སྒྲིལ་དང་མཉམ་སྤྱོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་དུས་ཚིགས་དང་པོ་ནས་གསུམ་པའི་བར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་པ་དང་ཆབས་ཅིག རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། གོམ་སྟབས་རྗེས་མར་ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར། ལོ་འགོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་གཏན་འཁེལ་བའི་ལས་ཀའི་དམིགས་ཚད་ཀྱི་ཚད་གཞི་དང་ཡང་ཡང་སྡུར་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། རང་འགུལ་ངང་བྱས་རྗེས་འཇོག་པ། “བརྟན་ལྷིང་དྲུག”གི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བཅས་བྱེད་དགོས། རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ལ་མུ་མཐུད་དམ་འཛིན་ནན་པོ་བྱས་ནས་སྟོན་ཁ་དང་དགུན་ཁའི་རིང་གི་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རྗེས་མཐུད་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་དམ་འཛིན་ནན་པོ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ། “ཐོན་ལས་ཆེན་པོ་བདུན”འཕེལ་རྒྱས་དང་སའི་གོ་ལའི་སྣེ་གསུམ་པའི་ཚོང་རྟགས་གྲགས་ཅན་གཏོད་པར་དམ་འཛིན་ནན་པོ། མཐའ་མཚམས་ས་ཁུལ་གྱི་སྤྱི་འདོམས་འཕེལ་རྒྱས་ལ་དམ་འཛིན་ནན་པོ། སྒྱུར་བཅོས་ཟབ་གཏོང་དང་ཕྱི་ཕྱོགས་སྒོ་དབྱེར་དམ་འཛིན་ནན་པོ། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་དམ་འཛིན་ནན་པོ། སྣོད་བཅུད་སྲུང་སྐྱོང་དང་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ནན་པོ་བཅས་བྱེད་པ་དང་། དེ་བཞིན་ཚན་རིག་དང་མཐུན་པའི་སྒོ་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩོམ་སྒྲིག་སོགས་ཀྱི་ལས་དོན་སྤེལ་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཧུར་ཐག་བསྒྲུབས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”མཇུག་ཡག་པོ་བསྡུ་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་རྩོམ་པར་རྨང་གཞི་བཟང་པོ་འདིང་དགོས་ཞེས་གསུངས་པ་དང་། ད་དུང་ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམིགས་པ་དང་ཚུགས་གནས་མཐོ་རུ་གཏོང་བ་དང་། ཇུས་འགོད་ཟབ་ཏུ་གཏོང་བ། འཆར་འགོད་མིག་རྒྱང་རིང་བ། དམིགས་ཚད་དོན་དང་མཐུན་པ་བཅས་དགོས་པའི་བླང་བྱ་ལྟར། སྤུས་ཚད་ལེགས་པོས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་དགོས་པའི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤུས་ཚད་ཨང་དང་པོའི་འདུ་ཤེས་ཟབ་མོ་འཛུགས་པ་དང་། ཕྱོགས་ཡོངས་ནས་སྤུས་ཚད་ལེགས་སུ་གཏོང་བར་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ། ཕྱོགས་ཡོངས་ནས་སྤུས་ཚད་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་ལེགས་སུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་བདེ་འཇགས་མཐའ་ཚད་བརྟན་པོ་སྲུང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཚོགས་འདུའི་ཐོག་ད་དུང《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་འགོད་པ་དང་སྲིད་གཞུང་གི་སྒྲིག་སྲོལ་གོ་རིམ་བཟོ་རྒྱུའི་གཏན་འབེབས(བཟོ་བཅོས་འཆར་ཟིན)》དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་སྲོལ་ཡིག(འཆར་ཟིན)》 《བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་བ་དང་ཐོ་འགོད་སྙན་སེང་གི་ལྟ་སྐུལ་དོ་དམ་བྱ་ཐབས(བཟོ་བཅོས་འཆར་ཟིན)》 《ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་རྩ་གནད་དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར(སྐྱེལ་བའི་མ་ཟིན)》བཅས་དང་དེ་བཞིན་S5ལམ་ཐིག་གི་ལྷ་ས་ནས་ལྷོ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་སོགས་ལ་གྲོས་ཞིབ་དང་ཞིབ་འཇུག་བྱས་པ་རེད།