《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月13日

རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་11ཉིན་གནས་ཚུལ་འབྱོར་གསལ། ཚེས་10ཉིན་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན། “འཇོན་ཐང་བརྒྱད”ཆེ་རུ་གཏོང་བ་དང“ནུས་པ་བདུན”ཆེ་རུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་འཇོན་ཐང་ཆེ་རུ་གཏོང་བ་དང་

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ནུས་པ་ཆེ་རུ་གཏོང་བའི་ཐད་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱེད་དགོས་པ་དང་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱེད་པར་འབད་བརྩོན་ལྷོད་མེད་བྱས་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་འགོག་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་གསར་པའི་དུས་མཚམས་ལ་འཕྲད་པའི་གོ་སྐབས་གསར་པ་དང་འགྲན་སློང་གསར་པ་ཁོང་དུ་ཆུད་པར་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་དང་དེ་བཞིན་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཁྱད་ཆོས་དང་ཆོས་ཉིད་ལ་འཕྲད་པའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས་ཤིང་། ཧྲུའུ་ཅི་ཝུའུ་དབྱིང་ཅེའི“བཀའ་མོལ་ཚིག་གསུམ”གྱི་བླང་བྱ་གཞིར་བཟུང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། འཐབ་ཇུས་ཀྱི་ཚུགས་གནས་རྒྱུན་འཁྱོངས་བཅས་བྱས་ཏེ་འགྱུར་ལྡོག་ལ་ངོས་འཛིན་ཡང་དག་བྱེད་པ་དང་། ཚན་རིག་དང་མཐུན་པའི་ངང་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རང་འགུལ་ངང་འགྱུར་ལྡོག་བརྩོན་ལེན་བཅས་བྱེད་དགོས་པ་དང་། ཉེན་ཁའི་ཁྲོད་གོ་སྐབས་གསར་པ་གཏོད་པ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་བཏོད་དེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ཡང་དག་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་སྤྱི་ཡོངས་གཉིས་དང་། དྲ་ཐོག་དང་དྲ་ཕྱིའི་འཐབ་ས་གཉིས། ལྗོངས་ཕྱི་ནང་གི་འཐབ་ཕྱོགས་གཉིས་བཅས་སྤྱི་འདོམས་བྱེད་དགོས། སྔོན་ཇུས་ཡག་པོ་འདིང་བ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་དང་། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ། བརྟན་ལྷིང་སྲུང་སྐྱོང་གི“མ་ལག་ཆེན་པོ་བཅུ”འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་དང་། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་ལ་དམ་འཛིན་ཡག་པོ། བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་ལ་དམ་འཛིན་ཡག་པོ། གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ས་ཁུལ་དང་གྲོང་ཁྱེར་ཁག་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་ཚོས“དུས་བབ་ལ་དབྱེ་ཞིབ་དང་། ཧེ་བག་འཚོལ་བ། ཇུས་གཞི་ཞིབ་འཇུག”བཅས་ལ་དམིགས་ནས་གཏམ་བཤད་སྤེལ་བ་རེད།