《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月12日

ལམ་བུ་གསར་པར་བསྐྱོད་དེ་ཉམས་མྱོང་གསར་པ་འཚོལ་ཞིབ་བྱེད་པ་དང་། འགན་ལེན་ཤུགས་ཆེན་བྱས་ནས་སྣོད་བཅུད་ཤེས་དཔལ་ལ་སྐུལ་འདེད་གཏོང་བ།

—— རྒྱལ་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁྲིམས་འཛུགས་འགན་ལེན་སྐོར་གླེང་བ།

མཛེས་སྡུག་ལྡན་པའི་བོད་ལྗོངས་ནི་ནགས་ཚལ་གྱི་ཞིང་ཁམས་དང་། མེ་ཏོག་གི་རྒྱ་མཚོ། གཙང་ཆུའི་ཆུ་འགོ སྤྲིན་གྱི་ཕ་ཡུལ། ཕུགས་འདུན་གྱི་ཞིང་ཁམས་བཅས་ཡིན། བོད་རང་སྐྱོང་ལྗོངས་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཧུར་ཐག་གཏོང་བ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་བར་དོ་ཁུར་ཆེན་པོ་བྱེད་རིན་ཡོད། དེ་ནི་བོད་ཀྱི་སྣོད་བཅུད་ཁོར་ཡུག་གིས་རྒྱལ་ནང་གི་གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོར་བཞག་པའི་བག་ཆགས་ཟབ་ཤོས་ཤིག་རེད།

བོད་ལྗོངས་ཀྱི་སྣོད་བཅུད་སྲུང་སྐྱོང་བྱེད་རྒྱུ་དེ་རྒྱལ་ཁབ་འཐབ་ཇུས་ཀྱི་མཐོ་ཚད་དུ་འཇོག་པ་དང་། ཁྲིམས་འཛུགས་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བས་བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་འཛུགས་རིགས་གཅིག་མཁས་ཅན་གྱི་བློ་འདྲིའི་རིགས་པས་ཁུངས་སྐྱེལ་ཚོགས་འདུར་ཞུགས་མཁན་འགོ་ཁྲིད་དང་། རིགས་གཅིག་མཁས་ཅན། མཁས་དབང་ཚོར་བག་ཆགས་ཟབ་མོ་བཞག་ཡོད། བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁྲིམས་འཛུགས་འགན་ལེན་གྱི་གསོན་ཉམས་དོད་པའི་ལག་ལེན་ལ་ཚང་མའི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།

བོད་ཀྱི་ལག་ལེན་ལ་རྩ་ཆེའི་ཉམས་མྱོང་འཚོལ་ཞིབ་ཐུབ་པ།

“དང་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྣོད་བཅུད་ཁྲིམས་འཛུགས་ཐད་ལས་དོན་འབོར་ཆེན་བསྒྲུབས་ནས། བོད་ལྗོངས་ཙམ་མ་ཟད། ཐ་ན་ང་ཚོའི་རྒྱལ་ཁབ་ཀྱིས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་ཆེད་ཉམས་མྱོང་འཚོལ་ཞིབ་བྱས་པས་དགེ་མཚན་ལྡན་ལ་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཐེབས་པར་ཁས་ལེན་བྱེད་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ལི་ཧྥེ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་བརྗོད་པ་རེད།

ཁོང་གིས་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་འཛུགས་འགན་ལེན་ལས་དོན་ཡག་པོ་བསྒྲུབས་འདུག ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ཁྲིམས་འཛུགས་ཁྲོད་སྔོན་ལ་སྤྱད་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་མགྱོགས་མྱུར་འཛུགས་སྐྲུན་སྐོར་ལ་གཏན་འབེབས་བྱས་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཁྲིམས་སྲོལ་བཟོས་པས《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་སྲོལ་ཡིག》(“བསམ་འཆར་བསྡུ་ལེན་མ་ཟིན”)གི་འཆར་ཟིན་འགོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཁོང་གིས་སྲོལ་ཡིག་འདི་ནི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་ཞིག

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་བྱེད་ཐབས་གལ་ཆེན་ཞིག་བཅས་ཡིན། དེས་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་འཕེལ་རྒྱས་དང་འཛམ་གླིང་གི་སྣོད་བཅུད་བདེ་འཇགས་ལ་བཅའ་ཁྲིམས་ཀྱི་འགན་ལེན་གལ་ཆེན་ཐུབ་པའི་ངོས་འཛིན་བྱས་པ་རེད། ལི་ཧྥེ་ཡིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་ལས་དོན་ཆེད་དོན་ཚན་ཁག་གིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པ”སོགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཁྲིམས་འཛུགས་ཞིབ་ཚགས་ཅན་མངོན་འགྱུར་ཡོང་བ་བྱས་ནས། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་གཡས་གཞོགས་གཡོན་འདེགས་བྱེད་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

མི་རིགས་ས་ཁུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་སྣོད་བཅུད་ཤེས་དཔལ་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ།

མཚོ་བོད་ས་མཐོ་ནི“འཛམ་གླིང་གི་ཡང་རྩེ”དང་། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”“ས་གོ་ལའི་སྣེ་གསུམ་པ”བཅས་རེད། བོད་ལྗོངས་འདི་ཉིད་མཚོ་བོད་ས་མཐོའི་གྲུབ་ཆ་གཙོ་བོ་ཡིན་པའི་ངོས་ནས་མངའ་ཁོངས་སུ་གཙང་པོ་དང་མཚེའུ་གང་སར་ཁྱབ་པས། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་སྲོལ་ཡོད། དེ་ནི་རང་རྒྱལ་དང་དེ་བཞིན་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཁུལ་གྱི“གཙང་ཆུའི་ཆུ་འགོ”དང་། ཨེ་ཤེ་ཡ་དང་ཐ་ན་ས་གོ་ལའི་ཕྱེད་བྱང་མའི་གནམ་གཤིས་འགྱུར་ལྡོག་གི“ཚོར་ཆས” རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་རང་བྱུང་འཚོ་གནས་བྱེད་ས་དང་ས་མཐོའི་སྐྱེ་དངོས་ཀྱི་གཞི་རྒྱུའི་མཛོད་བཅས་ཡིན་པས། གོ་ལ་ཧྲིལ་པོའི་གནམ་གཤིས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། དེར་བརྟེན་ཁྲིམས་འཛུགས་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཁོར་ཡུག་སྲུང་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཁྲེང་ལེ་ཕུང་གིས། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་སྲོལ་ཡིག》(བསམ་འཆར་བསྡུ་ལེན་མ་ཟིན)ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་སོགས་ལ་སྲུང་སྐྱོང་ཡག་པོ་བྱས་ནས། མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད། ཐ་ན་རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་གཏོད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། ལམ་ལུགས་ནན་པོ་སྤྱོད་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་ཤེས་དཔལ་གྱི་ལམ་ལུགས་ཁྲིམས་སྐྱོང་ཅན་དུ་འགྱུར་བ་དང་ལམ་ལུགས་ལག་བསྟར་གྱི་གནོན་ཤུགས་སྤྲད་པ་དང་ཆབས་ཅིག་མཚོ་བོད་ཚན་རིག་རྟོག་ཞིབ་དང་། གནམ་གཤིས་འགྱུར་ལྡོག་དང་འཁྱགས་རོམ་སྲུང་སྐྱོང་ལ་ཁ་གཏད་གཅོག་པ། ཇོ་མོ་གླང་མ་དང་བྱང་ཐང་ལྟེ་བར་བྱས་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་ཡོད། དེ་ཐོག་ནས་ཁྲིམས་འཛུགས་ཐད་ཀྱི་བོད་ཀྱི་ཁྱད་ཆོས་མངོན་པའི་ངོས་འཛིན་བྱས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་ལག་བསྟར་བྱས་ནས་ཉམས་མྱོང་དེ་བས་མང་བ་གསོག་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་སོགས་ལ་སྲུང་སྐྱོང་ཡག་པོ་བྱས་ནས། མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད། ཐ་ན་རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་གཏོད་དགོས”ཞེས་གསལ་པོ་བཏོན་གནང་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྣོད་བཅུད་ཤེས་དཔལ་ཁྱབ་ཁོངས་ཀྱི་སྤྱི་འདོམས་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྣོད་བཅུད་ཤེས་དཔལ་མ་ལག་སྐྲུན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་ལྗང་མདོག་ལ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས་པའི”ནན་བཤད་ཡང་ཡང་གནང་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཤའོ་ཧོའེ་ཡོན་གྱིས“བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ནི། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། བོད་ཀྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་རྒྱུའི་ལས་དོན་སྤེལ་བར། དུས་སྐབས་གསར་པའི་ཏང་ཀྲུང་དབྱང་གིས་བོད་ལ་དཀྲིས་པའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱེད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཁྲིམས་འཛུགས་ལས་དོན་ཚོགས་ཆུང་དང་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་དང་བསྡུར་བ་དང་ཉམས་མྱོང་ཕྱོགས་སྡོམ་བྱེད་རྒྱུར་མཐོང་ཆེན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིའི‘མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས’ཞེས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོས་ཏེ། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་གངས་ལྗོངས་ས་མཐོར་དོན་འཁྱོལ་ཧུར་ཐག་ཡོང་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།

ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཀྱང་བོད་ཀྱིས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་རེ་བ་ཆེན་པོ་བཅོལ་ཡོད། “བོད་ཀྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་འཛུགས་ཀྱི་ཁྲིམས་འཛུགས་ཐད་ཚད་བརྒལ་ཡོང་བ་དང་། སྔོན་ལ་ཉམས་མྱོང་ཐོབ་པར་བྱས་ཏེ། ས་ཁུལ་གཞན་དག་ལ་དཔྱད་གཞི་འཛིན་ས་དང་མིག་དཔེ་འདོན་རྒྱུའི་རེ་བ་ཡོད”ཅེས་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་ཚོགས་འདུར་ཞུགས་མཁན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོ་ཞིག་གིས་དེ་ལྟར་བརྗོད་པ་རེད།

(རིག་འཛིན་རྡོ་རྗེ་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)