《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月11日

རང་ལྗོངས་ཀྱི་ཚན་པ་3དང་མི་སྒེར་3ལ་སོ་སོར་རྒྱལ་ཡོངས་ཀྱི་119མེ་ཟོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཚེས་9ཉིན། གསར་འགོད་པར་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་119མེ་ཟོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན(བོད་ལྗོངས་ཡན་ལག་ཚོགས་ར)ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་ཚན་པ་3དང་མི་སྒེར་3ལ་སོ་སོར་རྒྱལ་ཡོངས་ཀྱི་119མེ་ཟོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་ཡོད་པ་རེད།

རང་ལྗོངས་ཀྱི་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་119མེ་ཟོན་གྱི་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་མཁན་ནི། མངའ་རིས་ས་ཁུལ་དགེ་རྒྱས་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་བྲག་ཡིབ་ཆུས་རུ་འབྲིང་། བོད་ལྗོངས་ཉིན་རེའི་ཚགས་པར་རྒྱ་ཡིག་རྩོམ་སྒྲིག་པུའི་ཆེད་བསྒྲིགས་རྩོམ་སྒྲིག་ཁང་བཅས་ཡིན་པ་དང་། སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་119མེ་ཟོན་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་འཐོབ་མཁན་ནི། ནག་ཆུ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཀྲེ་ཅང་ཤར་ལམ་དམིགས་བསལ་ལས་སྒྲུབ་ས་ཚིགས་ཀྱི་ཀྲེན་ཀྲང་ཀྲང་ཙེ་པིན་དང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་མེ་ཟོན་ཆེད་སྒྲུབ་མི་སྣ་བཀྲ་ཤིས་བསམ་གྲུབ། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་གཞོན་པ་ལི་ལེང་བཅས་རེད།

ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་བྲག་ཡིབ་ཆུས་རུ་འབྲིང་གི་རུ་འབྲིང་དཔོན་དབྱང་ཤིའུ་ཅུན་གྱིས“ད་རེས་ང་ཚོ་བྲག་ཡིབ་ཆུས་རུ་འབྲིང་119མེ་ཟོན་གྱི་སྔོན་ཐོན་མཉམ་སྡེབ་ལ་བདམས་པ་དེ་ནི་ང་ཚོའི་ལས་ཀར་ཁས་ལེན་བྱས་པ་ཞིག་ཡིན་པ་མ་ཟད། ལྕག་སྐུལ་བྱས་པ་ཞིག་དེ་བས་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་དང་བླང་བྱ་བློ་ལ་བརྟན་པོར་ངེས་ཏེ་ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་ནན་པོ་སྲུང་བ། སྲོག་ཉེན་ལ་མི་འཛེམ་པ། དམངས་ལ་ལྷག་བསམ་རྣམ་དག་བཅས་བྱས་ཏེ་ནམ་ཡང་ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྐུ་སྲུང་བ་ཞིག་བྱས་ནས་གངས་ལྗོངས་ས་མཐོའི་སྔོ་ལྗང་རི་ཀླུང་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་བཤད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)