《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月11日

ནང་འདྲེན་དངོས་མང་སྟོན་ཚོགས་ལ་སའི་གོ་ལའི་ སྣེ་གསུམ་པའི་སྤུས་རྟགས་བསྟན་པ།

མཉམ་ལས་དངུལ་འབོར་སྒོར་ཁྲི་7800ཟིན་པ།

འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་སའི་གོ་ལའི་སྣེ་གསུམ་པའི་སྤུས་རྟགས་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས(ཧྲང་ཧའེ)གཞུང་ལས་ཐོག་ཁང་Cཁང་དུ་འཚོགས་ཤིང་། འདི་ནི་ནང་འདྲེན་དངོས་མང་སྟོན་ཚོགས་སུ་སའི་གོ་ལའི་སྣེ་གསུམ་པའི་སྤུས་རྟགས་སྟོན་ཐེངས་དང་པོ་རེད་ལ། ནང་འདྲེན་དངོས་མང་སྟོན་ཚོགས་ལ་རང་ལྗོངས་ཀྱི་ཁེ་ལས་ཀྱི་སྤུས་རྟགས་འདོན་ཐེངས་དང་པོ་དེ་ཡང་རེད།

ད་ཐེངས་ཀྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག་སའི་གོ་ལའི་སྣེ་གསུམ་པའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཁག་སོ་སོར་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་ཧྲང་ཧའེ་པེན་ལེ་འཚོ་བའི་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སི། ཤིའུ་ཅ་ཚོང་དོན(ཧྲང་ཧའེ)ཚད་ཡོད་ཀུང་སི་བཅས་དང་མཉམ་ལས་གྲོས་མཐུན་བཞག་པ་དང་མཉམ་ལས་དངུལ་འབོར་སྒོར་ཁྲི་7800ཟིན་ཡོད། བྱེད་སྒོ་སྤེལ་ཡུལ་དུ་སའི་གོ་ལའི་སྣེ་གསུམ་པའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཁུར་བས་རྒྱལ་ཁབ་ཁག་གི་ལྟ་སྐོར་བར་སའི་གོ་ལའི་སྣེ་གསུམ་པའི“3+1+N”ཐོན་ལས་འཕེལ་རྒྱས་བྱེད་ཐབས(རང་བྱུང་འཐུང་ཆུ་དང་། ནས། འབྲི་གཡག་བཅས་ཐོན་ལས་ཆེ་གྲས་གསུམ་དང་། སྤུས་ལེགས་ཚད་ལྡན་སྟེགས་བུ་1 ཁྱད་ལྡན་ཐོན་རྫས་འགའ་ཞིག)ངོ་སྤྲོད་བྱས་པ་དང་། མ་ལག་ཅན་གྱི་བོད་ཀྱི་ལེགས་ཆའི་ཁྱད་ལྡན་ཐོན་ལས་བསྡུ་སྒྲིལ་བྱས་ཏེ་ལྗོངས་ཡོངས་ཀྱི་ཐོན་ལས་ཞིབ་ཚགས་ཅན་དང་ཚད་ལྡན་ཅན་གྱི་གཉེར་སྐྱོང་ཐུབ་ནས“བོད་ཟོག་བོད་ནས་ཐོན་པའི”སྤུས་རྟགས་ཀྱི་མདུན་ལམ་མངོན་འགྱུར་བྱེད་པའི་བསམ་ཚུལ་བཏོན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་རང་ལྗོངས་སུ་སའི་གོ་ལའི་སྣེ་གསུམ་པའི་བོད་ལྗོངས་ཀྱི་འཁྱགས་ཆུ་དང་། ནས་ཀྱི་ཐོན་རྫས། བོད་ཀྱི་རང་བྱུང་སྦྲང་རྩི། ལྷ་སའི་རྒུན་ཆང་སོགས་མིང་གྲགས་ཐོན་རྫས་ཆེ་གྲས་བདུན་གྲུབ་འབྲས་ཐོབ་པའི་ངང་གསར་སྤེལ་བྱས་ཡོད་པ་རེད།