《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月11日

མེ་ཟོན་བདེ་འཇགས་ལ་ཚང་མས་དོ་སྣང་བྱེད་དགོས།

ཟླ་11ཚེས་9ཉིན་ཏེ་རྒྱལ་ཡོངས་ཀྱི་119དྲིལ་བསྒྲགས་ཉིན་མོར། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་དང་ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་པོ་ཏ་ལའི་ཞོལ་དུ་2020ལོ་འཁོར་གྱི་ཕོ་བྲང་པོ་ཏ་ལའི་མེ་ཟོན་ལས་དོན་གྱི་གཟེངས་བསྟོད་ཚོགས་ཆེན་དང་119མེ་ཟོན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་འཚོགས་པ་རེད།

ད་རེས་ཀྱི་མེ་ཟོན་ལུས་རྩལ་འགྲན་ཚོགས་དེ་མེ་ཟོན་གྱི་བརྗོད་དོན་གཙོ་བོར་དམིགས་ནས་རོལ་རྩེད་དང་འགྲན་བསྡུར་གྱི་རྣམ་པ་ནས་འཚོགས་ཏེ། སྤྲོ་སྣང་དང་མེ་ཟོན་ཤེས་བྱ་མཉམ་འདྲེས་བྱས་པ་དང་ཆབས་ཅིག་མེ་ཟོན་ཤེས་བྱའི་དྲི་བ་དྲིས་ལན་སོགས་ཕན་ཚུན་མཉམ་སྒུལ་གྱི་བྱེད་སྒོ་ཡང་བསྣན་ཏེ། ཚང་མར་སྤྲོ་སྣང་ཁྲོད་ནས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཤེས་པར་བྱས་པ་རེད།

འདི་ནི་ཟླ་11ཚེས་9ཉིན་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡི་ལས་དོན་པས་མེ་གསོད་རོགས་སྐྱོབ་ཀྱི་འགྲན་བསྡུར་བྱེད་བཞིན་པ།