《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月10日

མངའ་རིས་ས་ཁུལ་དུ་119མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་དང་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར་མངའ་རིས་ས་ཁུལ་གྱིས“མེ་ཟོན་ལ་དོ་ཁུར་གྱིས་ཚེ་སྲོག་གོང་དུ་བཀུར”བརྗོད་དོན་གཙོ་བོར་བྱས་པའི་119མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ་དང་། མེ་ཟོན་བདེ་འཇགས་ཀྱི་གཙོ་གནད་ཚན་པ་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པའི་འཐུས་མི། ལས་རིགས་ལག་རྩལ་སློབ་གྲྭའི་དགེ་སློབ་ཀྱི་འཐུས་མི། དེ་བཞིན་མེ་ཟོན་དྲིལ་བསྒྲགས་དང་བླངས་པའི་འཐུས་མི་སོགས་མི་400ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཅེ་ཅུན་གྱིས་གསར་འགོད་པར། ད་རེས་ཀྱི་བྱེད་སྒོ་སྤེལ་བ་ལས་གཙོ་བོ“མེ་ཟོན་ལ་མི་ཚང་མས་དོ་ཁུར་དང་མེ་ཟོན་ལ་མི་ཚང་མ་ཞུགས་པའི”རྣམ་པ་ཟབ་མོ་སྔར་བས་བཏོད་དེ། “བྱེད་སྒོར་བརྟེན་ནས་ལས་དོན་ལ་སྐུལ་འདེད་དང་བྱེད་སྒོར་བརྟེན་ནས་བདེ་འཇགས་འགན་ལེན་བྱེད་པའི”དམིགས་ཡུལ་མངོན་འགྱུར་དང་མེ་ཟོན་བདེ་འཇགས་ལས་དོན་གྱི་སྤུས་ཚད་ལེགས་པོ་དང་ཕན་འབྲས་ཆེན་པོར་སྐུལ་འདེད་གཏོང་ཆེད་རེད་ཅེས་བཤད་པ་རེད།

བྱེད་སྒོ་སྤེལ་བའི་ཉིན་དེར་ས་གནས་ས་ཐོག་ཏུ་ཡོད་པའི་མང་ཚོགས་ཀྱིས་མེ་ཟོན་སྒྲིག་ཆས་ཀྱི་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་མ་ཟད། མེ་ཟོན་རོགས་སྐྱོབ་ཀྱི་འདྲ་བཟོའི་ནང་སྦྱོང་ལ་བལྟས་པ་རེད།