《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月10日

རི་ལྡེབས་ཇ་ལོ་དྲི་མ་ཞིམ།མང་ཚོགས་འབྱོར་འབྲིང་ཕྱོགས་སུ་བསྐྱོད།

—— མེ་ཏོག་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བདེ་ཞིང་ཤང་གི་མང་ཚོཌ་ཀྱི་དབུལ་སྒྲོལ་ལ་རོཌ་རམ་བྱས་པའི་སྐོར་བཀོད་པ།

དབུལ་སྒྲོལ་ནི་དབུལ་ཞྭ་འཕུད་ཐུབ་པ་ཙམ་གྱིས་མི་འགྲིག་པར། དབུལ་སྒྲོལ་ཐུབ་རྗེས་དབུལ་པོ་བསྐྱར་ལོག་མི་བྱེད་པ་ནི་དབུལ་སྒྲོལ་ངོ་མ་རེད། མིག་སྔར་བདེ་ཞིང་ཤང་དུ་དབུལ་པོ་བསྐྱར་ལོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་བཙུགས་ནས་མཐར་ལུས་དུད་ཚང་6གི་མི་21དང་ལྟ་ཞིབ་ཚད་ལེན་དུད་ཚང་གི་མི་25ཡི་ཁྱིམ་ཚང་གི་གནས་ཚུལ་ལ་དུས་ཐོག་ཏུ་རྗེས་སྙེག་བརྟག་དཔྱད་བྱས་པ་དང་། ཡོང་སྒོ་གློ་བུར་དུ་ཉུང་དུ་འགྲོ་བའམ་གཏོང་སྒོ་གློ་བུར་དུ་འཕར་སྲིད་པའི་རིགས་ལ་ཤང(གྲོང་རྡལ)དང་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་དང་དུད་ཚང་འགན་གཙང་ལེན་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཤང་དང་ཁོའོ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པས་དུད་ཚང་ལ་འགན་གཙང་ལེན་པ་དང“བཞི་གཏད་གཅིག”གི་རོགས་སྐྱོར་བྱ་ཐབས་ལག་བསྟར་བྱས་པ་དང་། “མི་གཅིག་ལས་ཞུགས་ཐུབ་པ་དང་དུད་ཚད་གཅིག་དབུལ་སྒྲོལ་ཐུབ་པའི”རྩ་དོན་ལ་གཞིགས་ནས། ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ཏེ་ངལ་ནུས་འབྲེལ་བ་དང་སྦྲེལ་མཐུད་ལས་དོན་གྱི་འགན་འཁུར་དུ་བཅུག་པ་མ་ཟད། ཤེས་ལྡན་མི་སྣའི་ཆ་འཕྲིན་མཛོད་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ངལ་རྩོལ་དང་གླ་ཆའི་སྐོར་བློ་འདྲི་བྱས་པ་དང་འབྲེལ། ཁོངས་གཏོགས་ཁུལ་དུ་སྐྲུན་བཞིན་པའི་རྣམ་གྲངས་ཀྱིས་སྔོན་ལ་ས་གནས་དེ་རང་གི་ངལ་རྩོལ་ནུས་ཤུགས་བསྡུ་བའི་ལམ་ལུགས་བཟོས་ཏེ་མང་ཚོགས་དབུལ་པོའི་ལས་ཞུགས་ལ་རོགས་རམ་བྱས་ཡོད། 2019ལོར་བདེ་ཞིང་ཤང་གིས་ངལ་ནུས་ཕྱིར་གཏོང་བྱེད་ཚད་མི་ཐེངས་1692ཟིན་པ་དང་ཡོང་འབབ་སྒོར་ཁྲི་534.78བྱུང་བ་དང་དུད་ཚང་དབུལ་པོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.6བྱུང་ཡོད།

མེ་ཏོག་རྫོང་གྲོང་ནས་རླངས་འཁོར་ལ་བསྡད་དེ་ཀྱག་ཀྱོག་གི་རི་ལམ་སྤྱི་ལེ་8ཙམ་བརྒྱུད་རྗེས་མོན་པ་རིགས་ཀྱི་འདུས་སྡོད་ཁུལ་བདེ་ཞིང་ཤང་དུ་སླེབས་ཀྱི་འདུག

བདེ་ཞིང་ཤང་གི་ས་བབ་མཐོ་ཚད་སྨི་1100ལྷག་ཙམ་ལས་མེད་པས་ཚ་ཁུལ་གྱི་གནམ་གཤིས་ཁོངས་སུ་གཏོགས་ཀྱི་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། བདེ་ཞིང་ཤང་གིས་དབུལ་སྐྱོར་ལས་དོན་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས“གནད་སྨིན་དྲུག་དང་ཁག་གཅིག་ལྔའི”བླང་བྱ་ཞིབ་ཕྲར་དམིགས་ཏེ། ལེགས་ཆ་ཆེ་རུ་གཏོང་བ་དང་ཞན་ཆ་སེལ་བར་ཤུགས་སྣོན་དང་། དུད་ཚང་དང་མི་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་བརྟེན། 2019ལོའི་ཟླ་12པར། ཤང་ཡོངས་ཀྱི་དུད་ཚང་དབུལ་པོ་85ཡི་མི་383ཚང་མ་དབུལ་སྒྲོལ་ཐུབ་ནས་ས་གནས་དེ་གའི་མང་ཚོགས་1693འབྱོར་འབྲིང་ལམ་བུར་སྐྱོད་ཐུབ་ཡོད།

2016ལོའི་གོང་དུ་བདེ་ཞིང་ཤང་གིས་གཙོ་བོ་མ་རྨོས་ལོ་ཏོག་འདེབས་ཀྱི་ཡོད། ཞིང་ལས་ལག་རྩལ་རྗེས་ལུས་དང་དོ་དམ་ཡག་པོ་མེད་པའི་རྐྱེན་གྱིས། མ་རྨོས་ལོ་ཏོག་ཐོན་འབབ་དམའ་བ་དང་། ཡོང་འབབ་ཞན་པས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བ་སྐྱོ་ཙམ་ཡོད། གནས་ཚུལ་དེ་ཤེས་རྗེས། རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རྫོང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་སྡེ་ཚན་དང་དུས་ཐོག་ཏུ་ལྟ་སྐུལ་མཐུན་སྦྱོར་བྱས་ཏེ་གྲོང་ཁྱེར་ནས་ཆེད་མངགས་ཞིང་ལས་ནགས་ལས་རིགས་གཅིག་མཁས་ཅན་གདན་དྲངས་ནས་བདེ་ཞིང་ཤང་གི་ཞིང་ལས་འཕེལ་རྒྱས་རྗེས་ལུས་ཀྱི་གནད་དོན་ལ་བརྟག་དཔྱད་བྱས་པ་མ་ཟད། རིགས་གཅིག་མཁས་ཅན་གྱིས་བཏོན་པའི་ཇུས་གཞི་གཞིར་བཟུང་། བདེ་ཞིང་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཧོ་ར་གྲོང་ཚོ་ཚོད་ལྟ་བྱ་ཡུལ་དུ་བྱས་ནས་ཇ་འདེབས་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་ཐག་བཅད་པ་རེད།

འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱུང་བས། ཤང་གི་ཏང་ཡོན་ལས་བྱེད་པས་མང་ཚོགས་འབྱོར་འབྲིང་ལམ་བུར་འཁྲིད་རྒྱུའི་སེམས་ཤུགས་འཕེལ་ཡོད་མོད། འོན་ཀྱང་མང་ཚོགས་མང་པོ་ཞིག་གིས་ཤང་གི་གཏན་འབེབས་ལ་བསམ་ཤེས་ཐུབ་ཀྱི་མེད་ལ་རྒྱབ་སྐྱོར་དེ་བས་བྱེད་ཀྱི་མེད།

“མང་ཚོགས་ཀྱི་སེམས་ཁྲལ་ལའང་རྒྱུ་རྐྱེན་ཡོད་པ་སྟེ། སྤྱིར་ཇ་ཤིང་བཏབ་ནས་ལོ་3སོང་རྗེས་གཞི་ནས་ཕན་འབྲས་ཐོན་གྱི་ཡོད། དེའི་རིང་མང་ཚོགས་ལ་འཚོ་རྟེན་མེད་པར་འགྱུར་སྲིད”མང་ཚོགས་ཀྱི་སེམས་ཁྲལ་དེ་སེལ་ཆེད། རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་མི་སྣ་ཁག་གཅིག་གིས་ཤང་ཏང་ཨུད་དང་སྲིད་གཞུང་གི་ཏང་ཡོན་ལས་བྱེད་པ་དང་མཉམ་དུ་ཕྱོགས་གཅིག་ནས་རྫོང་ཨུད་དང་སྲིད་གཞུང་ལ་སྙན་སེང་ཧུར་ཐག་ཞུས་ནས་ཐོན་ལས་འཕེལ་རྒྱས་ཀྱི་རོགས་སྐྱོར་སྲིད་ཇུས་བརྩོན་ལེན་བྱེད་པ་དང་། ཅིག་ཤོས་ནས་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དེ་ཁྱིམ་ཚང་རེ་རེ་བཞིན་ལ་གསལ་བཤད་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་སེལ་བ་དང་། བསམ་བློར་བཅིངས་འགྲོལ་གཏོང་རྒྱུར་སྣེ་ཁྲིད་བྱས་ཏེ་ཇ་ལས་འཕེལ་རྒྱས་གཏོང་བའི་སེམས་ཤུགས་འཕེལ་བར་བྱས་ཡོད།

“ཇའི་མྱུ་གུ་དང་རྫས་ལུད་སོགས་ཚང་མ་སྲིད་གཞུང་གིས་རིན་མེད་མཁོ་འདོན་བྱེད་པ་དང་། འདེབས་རིང་གི་ལོ་གསུམ་ནང་སྲིད་གཞུང་གིས་མུའུ་རེར་ཁ་གསབ་དངུལ་སྒོར་4000སྤྲོད་པ། མང་ཚོགས་ཀྱིས་ཡུར་མ་ཡུར་བ་དང་ལུད་རྒྱག་པ། ཡལ་ག་གཅོད་པ་བཅས་བྱས་ན་གླ་ཆ་སྤྲོད་ཀྱི་ཡོད། གྲོང་ཚོའི་མི་ཁག་གཅིག་འཐུས་མིར་བདམས་ནས་སི་ཁྲོན་གཡག་རྔ་དང་ཉིང་ཁྲི་སྤོ་བོ་རྫོང་སོགས་སུ་རྟོག་ཞིབ་བྱེད་པར་བཏང་བ་དང་། སྲིད་གཞུང་གིས་ད་དུང་རིགས་གཅིག་མཁས་ཅན་ལག་རྩལ་བློ་འདྲི་བར་གདན་དྲངས་པས་གྲོང་མི་ལག་རྩལ་མཁས་ཅན་ཁག་གཅིག་གསོ་སྐྱོང་བྱས་པ”སོགས་བྱེད་ཐབས་རབ་དང་རིམ་པ་དེ་དག་གིས་གྲོང་མི་ཚོར“བྱིན་རྟེན”སྦྱིན་པ་མ་ཟད། “ཇ་འདེབས་ལམ”དུ་སྐྱོད་རྒྱུའི་སེམས་ཤུགས་ཀྱང་རིམ་གྱིས་འཕེལ་ཡོད།

“འདི་ལོ་ང་ཚོས་ད་དུང་ཇ་ལོ་འདེབས་ཁྱོན་སླར་ཡང་མུའུ་1900ཆེ་རུ་གཏོང་རྩིས་ཡོད། མེ་ཏོག་རྫོང་གི་རྫོང་དཔོན་གཞོན་པ་བདེ་ཞིང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཀུའེ་ལན་གྱིས་བདེ་ཞིང་ཤང་གིས་ཐོན་ལས་དབུལ་སྒྲོལ་འདེགས་སྐྱོར་མཐའ་འཁྱོངས་བྱས་ནས་གྲོང་ཚོ་ཁག་གི་གནས་ཚུལ་དངོས་ལ་གཞིགས་ཏེ“གྲོང་ཚོ་རེར་ཐབས་ཇུས་རེ”ལག་བསྟར་བྱེད་པ་དང་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག ཇའི་ཐོན་ལས་གཙོ་གནད་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག གྲོང་ཚོ་ལ་ལར་ཤིང་ཏོག་ངང་ལག་སོགས་ཚ་ཁུལ་གྱི་ཤིང་ཏོག་བཏབ་པ་དང་། གྲོང་ཚོ་ལ་ལར་སྨྱུག་བསླས་ལས་སྣོན་བཟོ་གྲྭ་བཙུགས་པ། གྲོང་ཚོ་ལ་ལར་ད་དུང་འཛད་སྤྱོད་པས་དགའ་པོ་བྱེད་པའི་འབྲས་དམར་པོ་བཏབ་པ་སོགས་བྱས་ཏེ། མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བར་བརྟེན་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་ཅེས་བརྗོད་བྱུང་།

འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་ལོ་ཡིན་པ་དང་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པར་བརྟེན། དབུལ་སྒྲོལ་སྲ་བརྟན་དང་དབུལ་པོ་བསྐྱར་ལོག་འགོག་པའི་ལས་འགན་དེ་བས་ལྕི་བས། བདེ་ཞིང་ཤང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཙེ་ཧའོ་ཡིས་གྲོང་ཚོའི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་གཏོང་ག་ལ་ནུས།

“དབུལ་སྒྲོལ་ནི་དབུལ་ཞྭ་འཕུད་ཐུབ་པ་ཙམ་གྱིས་མི་འགྲིག་པར། དབུལ་སྒྲོལ་ཐུབ་རྗེས་དབུལ་པོ་བསྐྱར་ལོག་མི་བྱེད་པ་ནི་དབུལ་སྒྲོལ་ངོ་མ་རེད”ཀྲོའུ་ཙེ་ཧའོ་ཡིས་མིག་སྔར་བདེ་ཞིང་ཤང་དུ་དབུལ་པོ་བསྐྱར་ལོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་བཙུགས་ནས་མཐར་ལུས་དུད་ཚང་6གི་མི་21དང་ལྟ་ཞིབ་ཚད་ལེན་དུད་ཚང་གི་མི་25ཡི་ཁྱིམ་ཚང་གི་གནས་ཚུལ་ལ་དུས་ཐོག་ཏུ་རྗེས་སྙེག་བརྟག་དཔྱད་བྱས་པ་དང་། ཡོང་སྒོ་གློ་བུར་དུ་ཉུང་དུ་འགྲོ་བའམ་གཏོང་སྒོ་གློ་བུར་དུ་འཕར་སྲིད་པའི་རིགས་ལ་ཤང(གྲོང་རྡལ)དང་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་དང་དུད་ཚང་འགན་གཙང་ལེན་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཤང་དང་ཁོའོ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པས་དུད་ཚང་ལ་འགན་གཙང་ལེན་པ་དང“བཞི་གཏད་གཅིག”གི་རོགས་སྐྱོར་བྱ་ཐབས་ལག་བསྟར་བྱས་པ་དང་། “མི་གཅིག་ལས་ཞུགས་ཐུབ་པ་དང་དུད་ཚད་གཅིག་དབུལ་སྒྲོལ་ཐུབ་པའི”རྩ་དོན་ལ་གཞིགས་ནས། ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ཏེ་ངལ་ནུས་འབྲེལ་བ་དང་སྦྲེལ་མཐུད་ལས་དོན་གྱི་འགན་འཁུར་དུ་བཅུག་པ་མ་ཟད། ཤེས་ལྡན་མི་སྣའི་ཆ་འཕྲིན་མཛོད་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ངལ་རྩོལ་དང་གླ་ཆའི་སྐོར་བློ་འདྲི་དང་ལེན་བྱས་པ་དང་འབྲེལ། ཁོངས་གཏོགས་ཁུལ་དུ་སྐྲུན་བཞིན་པའི་རྣམ་གྲངས་ཀྱིས་སྔོན་ལ་ས་གནས་དེ་རང་གི་ངལ་རྩོལ་ནུས་ཤུགས་བསྡུ་བའི་ལམ་ལུགས་བཟོས་ཏེ་མང་ཚོགས་དབུལ་པོའི་ལས་ཞུགས་ལ་རོགས་རམ་བྱས་ཡོད། 2019ལོར་བདེ་ཞིང་ཤང་གིས་ངལ་ནུས་ཕྱིར་གཏོང་བྱེད་ཚད་མི་ཐེངས་1692ཟིན་པ་དང་ཡོང་འབབ་སྒོར་ཁྲི་534.78བྱུང་བ་དང་དུད་ཚང་དབུལ་པོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.6བྱུང་ཡོད།