《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月10日

ཆེ་དགྲ་ལྷས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་7ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དང་མེ་ཏོག་རྫོང་གི་ལས་གྲྭའི་བཀོད་པ་གལ་ཆེན་དང་། ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལ་བརྟག་ཞིབ་གནང་བ་རེད།

བོད་ལྗོངས་ཉིང་ཁྲིའི་དེང་རབས་ཀུ་ཤུ་ཚད་ལྡན་ཅན་གྱི་དཔེ་སྟོན་གླིང་དུ་ཆེ་དགྲ་ལྷས་ཤིང་འབྲས་སྣ་ཁ་དང་འབྲས་བུ་འདོགས་ཚུལ་ལ་གཟིགས་པ་དང་འབྲེལ། ཕྱིར་ཚོང་དང་མང་ཚོགས་ལ་ཕན་པ་ཐོབ་མིན་དང་ཚད་ལྡན་ཅན་གྱི་དོ་དམ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། གླིང་ཁུལ་གྱི་འགན་འཁུར་བས་གླིང་ཁུལ་གྱིས་ཞིང་འཕྲུལ་དང་ཞིང་ལས་ལག་རྩལ་ཟུང་འབྲེལ་དང་། ཆུ་ལུད་གཞི་གཅིག་ཅན། “ཤིང་འབྲས་དང་། རྩྭ། ཕྱུགས་རིགས”འཁོར་སྐྱོད་ལྗང་མདོག་སྣོད་བཅུད་འདེབས་འཛུགས་བཅས་བྱས་པས། ཐོན་སྐྱེད་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། བོད་སྐྱོར་གྱི་ལེགས་ཆར་བརྟེན་ནས་མིག་སྔར་མངགས་ཐོ་མང་པོ་ཡོད་པ་དང་ཀུ་ཤུ་ས་གནས་དེ་གའི་མང་ཚོགས་ཀྱི“ཕྱུག་འགྱུར་འབྲས་བུར”གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཆེ་དགྲ་ལྷས་བསམ་བློར་བཅིངས་འགྲོལ་དང་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ། ནང་འདྲེན་ཤིང་འབྲས་ས་མཐོར་འཕྲོད་མིན་ཞིབ་འཇུག་དང་སྣ་ཁ་ལེགས་འདེམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་ལ་བརྟེན་ནས་ཐོན་ལེགས་ཀྱི་དུས་ཡུན་རིང་དུ་བཏང་ནས་ཚན་རིག་དང་མཐུན་པ་དང་། རྒྱུན་མཐུད་ཐུབ་པ། འདྲ་བཟོ་ཐུབ་པ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་སྐྱོད་དགོས། མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཞིང་འབྲོག་མང་ཚོགས་དེ་བས་མང་བ་འདེབས་འཛུགས་དང་བྲིན་ཚོང་སོགས་ཀྱི་ལྷུ་ཚིགས་ཁག་ནང་ཞུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ལས་ཞུགས་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཕད་མེའི་གཞུང་ལམ་ནི་མེ་ཏོག་རྫོང་དུ་བསྐྱོད་སའི་གཞུང་ལམ་གཉིས་པ་ཡིན་ཞིང་། གཞུང་ལམ་དེ་བསྐྲུན་རྗེས་ཉིང་ཁྲི་གྲོང་ཁྱེར་ནས་མེ་ཏོག་རྫོང་གྲོང་བར་གྱི་ལམ་ཐག་ཐུང་དུ་འགྲོ་རྒྱུ་རེད། ཨར་ལས་བྱ་ཡུལ་དུ་ཆེ་དགྲ་ལྷས་རྣམ་གྲངས་ཀྱི་འཕེལ་རིམ་དང་། བདེ་འཇགས། སྤུས་ཚད། ཁོར་ཡུག་སྲུང་སྐྱོང་། ཨར་ལས་སྒྲིག་འཛུགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཕད་མེའི་གཞུང་ལམ་བསྐྲུན་པ་དེས་མེ་ཏོག་གི་འགྲིམ་འགྲུལ་སྐྱེལ་འདྲེན་ནུས་པ་ཆེ་རུ་ཕྱིན་ནས་མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་པ་ཡོད་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། བདེ་འཇགས་དོ་དམ་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ། ཚན་རིག་དང་མཐུན་པའི་ཨར་ལས་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་དོན་སྤེལ་ཤུགས་ཆེ་རུ་དང་འཕེལ་རིམ་མགྱོགས་སུ་བཏང་སྟེ་སྔ་ཙམ་རླངས་འཁོར་ཤར་གཏོང་ཐུབ་པ་བྱས་ནས་མི་དམངས་མང་ཚོགས་ཀྱི་སྟབས་བདེའི་འགྲོ་སྐྱོད་ཀྱི་རེ་བ་གསར་པ་སྐོང་དགོས་པའི་ནན་བཤད་གནང་བ་རེད།

བརྟག་ཞིབ་གནང་རིང་། ཆེ་དགྲ་ལྷས་ས་གནས་ས་ཐོག་ཏུ་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ལས་གྲྭའི་ས་འདེམས་ཁུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་འཆར་འགོད་འཕེལ་རིམ་གྱི་གནས་ཚུལ་གསན་པ་རེད།

(ཚེ་ཁོས་བསྒྱུར། པ་ཚེ་དང་ཚེ་ཁོས་ཞུས)