《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月09日

བོད་ཀྱི་གསར་འགྱུར་བརྩམས་ཆོས་ལྔར་བྱ་དགའ་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཟླ་11ཚེས་8ཉིན་གྱི་གསར་འགོད་པའི་དུས་ཆེན་འཆར་ཉེའི་མཚམས་སུ། སྐབས་བཅུ་གསུམ་པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་། སྐབས་བཅུ་དྲུག་པའི་ཁྲང་ཅང་ཐའོ་ཧྥེན་བྱ་དགའ་དཔྱད་འདེམས་བྱས་འབྲས་ཉེ་ཆར་ཡོངས་བསྒྲགས་བྱས་ཤིང་། བོད་ཀྱི་གསར་འགྱུར་བརྩམས་ཆོས་5ལ་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི《〈བོད་ལྗོངས་ཉིན་རེའི་ཚགས་པར〉ཕྱི་རོལ་གྱི་བརྟག་དཔྱད་བྱེད་སྟངས་ལ་བཅར་འདྲི་བྱེད་པའི་ཉམས་མྱོང》(རྩོམ་པ་པོ། ལེའོ་ཡུན་ལུའུ། རྩོམ་སྒྲིག་པ། ལེང་དབྱི་ཁྲང)ལ་ཀྲུང་གོའི་གསར་འགྱུར་བྱ་དགའི་གསར་འགྱུར་དཔྱད་རྩོམ་གྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི《བོད་ཀྱི་དྲ་བ་གཅིག་གི་མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་འདུ་འགོད་ལས་འགོ་ཚུགས་པ——ཞིང་འབྲོག་པ་ཁྲི་38ཀྱི“གློག་མེད་པའི”ལོ་རྒྱུས་མཇུག་འགྲིལ་བ》(རྩོམ་པ་པོ། ཐང་ཆི་ཧྲེང་དང་ཝང་ཡ་ཧུའེ། རྩོམ་སྒྲིག་པ། ཀྲའོ་རུའེ་དབྱང་དང་ཀྲོའུ་ཧུའེ། ལིའུ་ཝུན་ཐའོ)ལ་ཀྲུང་གོའི་གསར་འགྱུར་བྱ་དགའི་གསར་འགྱུར་སྤེལ་གཏོང་གི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི《མི་ཚེ་གཅིག་གི་དམ་བཅའ》(རྩོམ་པ་པོ། ཀྲོའུ་པིན་དང་ཀྲའོ་ཧྲུའོ། རྩོམ་སྒྲིག་པ། ཀྲའོ་ཧྲུའོ)ལ་ཀྲུང་གོའི་གསར་འགྱུར་བྱ་དགའི་བརྙན་འཕྲིན་ཆེད་དོན་གྱི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི《ཁེ་གསུམ་གྱི་དཔྱིད་ཀ》(རྩོམ་པ་པོ། མཉམ་སྡེབ། རྩོམ་སྒྲིག་པ། ཀུའོ་ཆི། ཆིན་ཡན་ལེ)ལ་ཀྲུང་གོའི་གསར་འགྱུར་བྱ་དགའི་རླུང་འཕྲིན་ཐད་གཏོང་གི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ། ལྷ་སའི་དགོང་དྲོའི་ཚགས་པར་ལས་ཁུངས་ཀྱི《ལྷ་སར་ངའི་འཚོ་བ་སྐྱིད་པོ་འདུག——ཆབ་མདོའི“ས་ངན”ཡུག་ཁུལ་གྱི་གྲོང་ཁྱེར་སྒྲོལ་བའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ཁག་དང་པོ་ལྷ་སར་སྤོས་ནས་ལོ་གཅིག་འཁོར་བའི་སྐོར་བཀོད་པ》(རྩོམ་པ་པོ། ཐུའུ་ཆུང་། རྩོམ་སྒྲིག་པ། ཧུའུ་ཅ་རུང)ལ་ཀྲུང་གོའི་གསར་འགྱུར་བྱ་དགའི་འཕྲིན་གཏོང་དང་རྒྱས་འཕྲིན་གྱི་བྱ་དགའ་རིམ་པ་གསུམ་པ་ཐོབ་ཡོད།

ད་རེས་རྒྱལ་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་གྱི་བརྩམས་ཆོས་ཁག་348ལ་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་པ་མ་ཟད་ད་དུང་དཔྱད་འདེམས་བྱས་པའི་གྲས་སུ་ཁྲང་ཅང་དང་ཐའོ་ཧྥེན་རིགས་ཀྱི་བྱ་དགའ་འཐོབ་མཁན་10ཡོད་པ་རེད།