《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月09日

ཀྲོང་ཡན་གྱིས་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཚོགས་པའི་འཐུས་མི་བཅས་པ་དང་མཇལ་འཛོམས་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་6ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ལྷ་སར་ཡུག་རེན་དང་། ཨེ་ཁཱ་ཏོར། ཕེ་རུ། ཁ་ན་ཏ། སིང་ཀ་ཕོར། མོང་གོལ། ལྷོ་ཨ་ཧྥེ་རི་ཁ། རི་པིན། དབྱི་ཐ་ལི། འཇར་མན་སོགས་རྒྱལ་ཁབ་བཅུའི་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པ་དང་ཕྱི་འབྲེལ་དཔོན་བཅས་པ་དང་མཇལ་འཛོམས་གནང་བ་རེད།

དང་ཐོག་ཀྲོང་ཡན་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ། དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་350ལྷག་ཙམ་བཅས་ཀྱི་ཚབ་ཞུས་ནས་ཀྲུང་གོར་བཅའ་སྡོད་ཡུག་རེན་གྱི་གཞུང་ཚབ་ཆེ་མོ་བ་ཧྥེར་ནན་ཏོ·ལུའུ་ཀོ་ལི་སིས་ཚོགས་གཙོ་གནང་བའི་གཞུང་ཚབ་ཚོགས་པ་བོད་དུ་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཀྲོང་ཡན་གྱིས་ཐད་མཐོང་གི་དཔེ་མཚོན་དང་། ཁུངས་བཙན་གྱི་གྲངས་གཞི། རྩོད་ཐབས་བྲལ་བའི་དོན་དངོས་བཅས་ལ་བརྟེན་ནས་བོད་ཀྱི་གཞི་རྩའི་གནས་ཚུལ་དང་དེ་བཞིན་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55སོང་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། དབུལ་པོ་དབུལ་རྐྱང་མེད་པར་བཟོས་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། བོད་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་སོགས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་ངོ་སྤྲོད་གནང་བ་རེད།

ཀྲོང་ཡན་གྱིས། འཐུས་མི་ཚོགས་པ་དང་བཅས་པས་ད་ཐེངས་བོད་དུ་འཚམས་འདྲི་བརྒྱུད་རྒྱུས་མངའ་སྔར་བས་ཆེ་རུ་དང་ཐུན་མོང་གི་ངོས་འཛིན་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བརྩི་འཇོག་ཏན་ཏིག་བྱེད་པ་དང་བོད་རང་སྐྱོང་ལྗོངས་དང་རྒྱལ་ཁབ་ཁག་དབར་གྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་ཆེད་འབྲེལ་ཟམ་གྱི་ནུས་པ་བཏོན་ནས། མཐུན་སྒྲིལ་ཞི་མཐུན་དང་། ཤེས་དཔལ་ཡར་ཐོན། སྒོ་དབྱེ་མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་གསར་པ་ཞིག་རང་སོ་སོའི་རྒྱལ་ནང་གི་དམངས་ཚོགས་ལ་ཇི་མ་ཇི་བཞིན་ངོ་སྤྲོད་བྱེད་རྒྱུའི་ཐུགས་རེ་གནང་བ་རེད།

ཧྥེར་ནན་ཏོ·ལུའུ་ཀོ་ལེ་སི་དང་དེ་བཞིན་ཕྱི་རྒྱལ་གྱི་གཞུང་ཚབ་ཚོགས་པའི་ཁོངས་མིས་བོད་རང་སྐྱོང་ལྗོངས་ཀྱིས་བྱེད་སྒོ་བཀོད་སྒྲིག་ཞིབ་ཚགས་དང་སེམས་རྩ་འཁོལ་པོས་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་སྤྱད་པའི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས་ནུས་ལྡན་དང་གྲུབ་འབྲས་མངོན་གསལ་དོད་པོར་གདེང་འཇོག་ཆེན་པོ་བྱས་ཤིང་། ཚང་མས་དབུལ་པོ་དབུལ་རྐྱང་མེད་པར་བཟོས་པ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་བོད་རང་སྐྱོང་ལྗོངས་ཀྱིས་ལས་དོན་འབོར་ཆེན་བསྒྲུབས་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། ས་གནས་ས་ཐོག་ཏུ་འཚམས་འདྲི་བྱས་པ་བརྒྱུད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་བ་དང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཡག་པ། མི་དམངས་ཀྱི་འཚོ་བ་ཞི་མཐུན་བདེ་སྐྱིད་ལྡན་པ་བཅས་མྱོང་ཚོར་དངོས་འབྲེལ་ཐུབ་སོང་བས། སྤེལ་རེས་དང་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། རྒྱལ་ཁབ་ཁག་དང་བོད་རང་སྐྱོང་ལྗོངས་དབར་རྒྱུས་མངའ་ལོན་ཤུགས་ཆེ་རུ་གཏོང་བ་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་འབྲེལ་ཟམ་སྐྲུན་གྱི་ཡིན་ཞེས་བརྗོད་པ་རེད།

(པ་ཚེས་བསྒྱུར། པ་མཚམས་ཀྱིས་ཞུས)