《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月09日

འཁྲིག་སྤྱོད་ཀྱི་འགོག་རྐྱེན་གང་ཡིན་ནམ། དེ་ཇི་ལྟར་བྱས་ནས་སྨན་བཅོས་བྱེད་དགོས་སམ།

འཁྲིག་སྤྱོད་ཀྱི་འགོག་རྐྱེན་ནི་བུད་མེད་ལ་འཁྲིག་པ་སྤྱོད་སྐབས་ན་ཟུག་རྒྱག་པའམ་ཡང་ན་མོ་མཚན་ལ་ན་ཟུག་བཏང་ནས་འཁྲིག་པ་སྤྱོད་དཀའ་བ་དང་། ཐ་ན་འཁྲིག་པ་སྤྱོད་ཐབས་མེད་པར་གྱུར་གྱི་ཡོད།

འཁྲིག་སྤྱོད་ཀྱི་འགོག་རྐྱེན་མང་ཆེ་བ་ནི་སེམས་ཁམས་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ལས་ཐོན་ཞིང་། རྒྱུན་མཐོང་གི་རྒྱུ་རྐྱེན་ལ་བཟའ་ཚང་དབར་མི་མཐུན་པ་བྱུང་ནས་བརྩེ་དུང་ལ་འགལ་ཟླ་ཐོན་པ་དང་། ཕྱོགས་གཉིས་ཀར་འཁྲིག་སྤྱོད་ཀྱི་ཤེས་བྱ་དབུལ། བུད་མེད་ཀྱིས་འཁྲིག་པ་སྤྱོད་པར་སུན་སྣང་ཆེན་པོ་བྱེད་པ། ཐ་ན་སེམས་ཁྲལ་དང་འུ་ཐུག་གི་སེམས་པ་ལྡན་པ། སྐྱེས་པ་ཕྱོགས་ཀྱིས་ཕོ་མོའི་སྐྱེ་ཁམས་དང་སེམས་ཁམས་ཐད་ཀྱི་ཧེ་བག་ལ་རྒྱུས་མངའ་མེད་པར་བུད་མེད་ལ་འཁྲིག་པ་སྤྱོད་འདོད་མེད་པ་དང་མོ་མཚན་ལ་འདོད་ཆུ་མེད་པར་ཆགས་པ་སྤྱོད། མོ་མཚན་ལ་རྨ་བཟོ་མྱོང་བ། འཇིགས་སྣང་གི་སེམས་པ་གཞན་ལྡན་པ། དཔེར་ན། མངལ་འཁོར་བའི་སེམས་ཁྲལ་བྱེད་པ་དང་། ཁང་པ་བཙན་པོ་མེད་པའི་ཞེད་སྣང་བྱེད་པ། གཞན་གྱིས་མཐོང་ཡོང་བསམ་པའི་སྐྲག་སྣང་བྱེད་པ་སོགས་ཡོད། དེ་དག་ཚང་མས་འཁྲིག་པ་སྤྱོད་འདོད་ལ་འགོག་རྐྱེན་བཟོས་ནས་མོ་མཚན་ལ་འདོད་ཆུ་མེད་པར་ན་ཟུག་གཏོང་བ་དང་། ཐ་ན་མོ་མཚན་ལ་ན་ཟུག་གཏོང་བའི་གནས་ཚུལ་ཐོན་གྱི་ཡོད།

གནས་ཚུལ་མི་འདྲ་བར་དམིགས་ནས་ངེས་པར་དུ་སེམས་ཁམས་གསོ་ཐབས་བྱེད་དགོས་པ་སྟེ། གལ་སྲིད་བཟའ་ཚང་དབར་མི་མཐུན་པ་བྱུང་ཚེ། ངེས་པར་དུ་བཟའ་ཚང་དབར་གྱི་བརྩེ་དུང་ཐད་མཐུན་སྦྱོར་བྱས་ནས་འགལ་ཟླའི་སེམས་པ་སེལ་དགོས་པ་དང་། འཁྲིག་སྤྱོད་ཀྱི་ཤེས་བྱ་དབུལ་ཚེ། འཁྲིག་པ་སྤྱོད་སྟངས་ལ་འགྱུར་ལྡོག་གཏོང་དགོས་པ་སོགས་ཀྱི་འཁྲིག་སྤྱོད་ཀྱི་རྒྱུན་ཤེས་ཤེས་རྟོགས་བྱེད་དགོས། སྐྱེས་པས་འཁྲིག་པ་མ་སྤྱད་གོང་བུད་མེད་ཀྱི་འཁྲིག་སྤྱོད་འདོད་སེམས་ཆེ་རུ་གཏོང་དགོས་པ་དཔེར་ན། སྙིང་གཏམ་ཤོད་པ་དང་། བུད་མེད་ཀྱི་གཟུགས་པོ་འཕུར་བ་དང་འོ་བྱད་པ་སོགས་བྱས་ནས་འཁྲིག་པ་སྤྱོད་སྐབས་སྐྱེས་པའི་འཁྲིག་པ་སྤྱོད་སྟངས་འཇམ་ཞིང་མཉེན་པ་ཞིག་དགོས་པ་སོགས་རེད། འཁྲིག་པ་སྤྱོད་པར་ཞེད་སྣང་བྱེད་པ་དང་མངལ་འཁོར་བར་ཞེད་སྣང་བྱེད་མཁན་ལ་ཆ་མཚོན་ན། ངེས་པར་དུ་དེའི་དངངས་འཚབ་ཀྱི་སེམས་པ་སེལ་རོགས་བྱེད་དགོས། ནད་རྐྱེན་སློང་བའི་རྒྱུ་རྐྱེན་སེལ་དགོས་ཚེ། དགོས་ངེས་ཀྱི་སྐབས་སུ་སེམས་རྣལ་དུ་ཕབ་ཐུབ་པའི་སྨན་འགའ་བཏང་ན་འགྲིག