《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月08日

ཚན་རྩལ་གྱི་སྤྲོ་སྣང་མྱོང་རོལ་བྱེད་པ།

ཕྲུ་གུ་ཚོའི་མཐོང་རྒྱ་དང་ཤེས་རྒྱ་ཆེ་རུ་གཏོང་བ་དང་ཚན་རིག་གི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་དུ་འཇུག་ཆེད། ཟླ་10ཚེས་21ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་དུས་ཡུན་ཟླ་གཅིག་རིང་གི“ཚན་རྩལ་ཁང་དང་སློབ་གྲྭ་མཉམ་ལས”ཀྱི་བྱེད་སྒོ་སྤེལ་ནས་སློབ་གྲྭ་ཡོངས་ཀྱི་སློབ་མ་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་པར་སྒྲིག་འཛུགས་བྱས་པ་རེད། སློབ་མ་ཚོས་ཚན་རྩལ་ཁང་གི་གསལ་འགྲེལ་པའི་སྣེ་ཁྲིད་འོག་འགྲེམས་ཁང་ཁག་ཏུ་རིམ་པ་བཞིན་བསྐྱོད་ནས་ཚན་རྩལ་ཉམས་ལེན་བྱེད་འགོ་ཚུགས་ཤིང་།

འདི་ནི་ཟླ་10ཚེས་29ཉིན་ལོ་རིམ་དང་པོའི་སློབ་མ་ཚོས་ཚན་རྩལ་ཁང་དུ་ཚན་རྩལ་ཉམས་ལེན་བྱེད་བཞིན་པ།