《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月07日

ལོ་རྒྱུས་ལ་ཕྱིར་དྲན་གྱིས་ད་ལྟའི་འཚོ་བར་གཅེས་འཛིན་བྱེད།

གཏམ་བརྗོད་ཟློས་གར《སྐྱེས་མི་ཆོག་པའི་མི》ཡི་ནང་དོན་མདོར་བསྡུས།

གཏམ་བརྗོད་ཟློས་གར《སྐྱེས་མི་ཆོག་པའི་མི》ཞེས་པ་དེ་ནི་མི་སྣ་གཙོ་བོ་བཀྲ་ཤིས་ཁྱིམ་ཚང་གི་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་ཡ་ང་བའི་གནས་བབ་དང་། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་གཉིས་ཕན་ཚུན་མངོན་གསལ་དོད་པོས་བསྡུར་བ་བརྒྱུད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྡུག་རྩུབ་དང་མུན་ནག་ཐེར་འདོན་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གངས་ལྗོངས་ས་མཐོར་དུས་ཐུང་ལོ་ངོ་བཅུ་ཕྲག་རིང་ལོ་ངོ་སྟོང་གི་འཕེལ་རྒྱས་ཆེན་པོ་བྱུང་བའི་སྐོར་མངོན་པར་མཚོན་ཡོད།

གཏམ་བརྗོད་ཟློས་གར《སྐྱེས་མི་ཆོག་པའི་མི》ནི་དམངས་གཙོའི་བཅོས་སྒྱུར་སྔ་རྗེས་ཀྱི་བོད་ལྗོངས་མི་དམངས་ཀྱི་འཚོ་བའི་དངོས་རིས་མཚོན་པ་ཞིག་ཡིན། བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བཏང་གོང་། ཞིང་བྲན་ཁྱོ་ཤུག་བཀྲ་ཤིས་དང་དབྱངས་ཅན་གཉིས་ལ་གཞིས་ཀའི་བདག་པོས་གཉའ་གནོན་དང་བཤུ་གཞོག་བཏང་སྟེ། དབྱངས་ཅན་གྲོད་ཁོག་ནང་གི་བུ་མོ་མཚེ་མ་གཉིས་དོན་དམ་པའི་སྐྱེས་མི་ཆོག་པའི་མིར་གྱུར་བ་རེད། བཀྲ་ཤིས་ཀྱིས་དཀའ་སྡུག་ཚད་མེད་མྱངས་པ་མ་ཟད། རང་ཉིད་ཀྱི་ཆུང་མ་གདུག་རྩུབ་ཁྲོད་རྐྱེན་ལམ་དུ་ཤོར་བ་མངོན་སུམ་མིག་གིས་མཐོང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་རྗེས། བཀྲ་ཤིས་ཀྱི་བུ་མོ་བཀྲ་ཤིས་དང་ཉི་མར་སྐྱིད་པའི་ཉི་མ་ཤར་ཏེ། ངས་དཀར་གཙང་གི་ཁ་བཏགས་མའོ་ཀྲུའུ་ཞི་སྐུ་ངོ་མར་འབུལ་གྱི་ཡིན་ཞེས་པའི་བསམ་འདུན་བརྗོད་པ་རེད། ཟློས་གར་ནང་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དབྱེ་མཚམས་སུ་བྱས་ནས། མུན་ནག་གི་སྤྱི་ཚོགས་དང་བདེ་སྐྱིད་ཀྱི་འཚོ་བ་གཉིས་མངོན་གསལ་དོད་པོས་དབྱེ་བ་ཕྱེ་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། གཏམ་བརྗོད་ཟློས་གར《སྐྱེས་མི་ཆོག་པའི་མི》ནི་སྤྱི་ལོ་1963ལོར་ཐོག་མར་འཁྲབ་རྗེས། སྤྱི་ལོ་1978ལོ་དང་། སྤྱི་ལོ་2009ལོར་བསྐྱར་དུ་བསྒྲིགས་པ་རེད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ། རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཚོགས་གཙོ་བློ་བསྟན་གྱིས། ཟློས་གར་དེ་ནི་གར་སྟེགས་གཏམ་བརྗོད་ཟློས་གར་གྱི་རྣམ་པར་བརྟེན་ནས་དུས་རབས་གསར་པའི་བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་ཚོར་དྲིན་ཚོར་གྱི་བསམ་པ་བཅངས་ནས་ལས་སླ་པོར་བྱུང་བ་མིན་པའི་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་གཏོང་རྒྱུར་དམིགས་པ་ཞིག་རེད་ཅེས་ངོ་སྤྲོད་བྱས།