《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月07日

རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་གི་དམིགས་བསལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་26པས་བོད་དུ་བཅའ་སྡོད་ལྟ་སྐུལ་མཛུབ་ཁྲིད་བྱེད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་5ཉིན་གནས་ཚུལ་འབྱོར་གསལ། ཚེས་3ཉིན་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་གི་དམིགས་བསལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་26པ་བོད་དུ་བཅའ་སྡོད་བྱས་ཤིང་། ཚེས་4ཉིན་དམིགས་བསལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་ལས་དོན་གནས་ཚུལ་སྙན་སེང་གསན་པ་རེད།

རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གི་དམིགས་བསལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་26པའི་ཙུའུ་ཀྲང་ཀྲང་ཆན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཧོ་ཝུན་ཧའོ་ཡིས་ལས་དོན་སྙན་སེང་ཞུས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་ཡོན་ཀྲང་བསོད་དར་དང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་ཞིབ་དཔྱོད་ཀྲང་ཀྲུའུ་ཡཱ་ཕིན་ཚོགས་འདུར་ཕེབས་ཡོད་པ་རེད།

ཧོ་ཝུན་ཧའོ་ཡིས་དམིགས་བསལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལ་རང་སྐྱོང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་ལས་དོན་གནས་ཚུལ་སྙན་སེང་ཞུས་པ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་བླང་བྱ་བཏོན་པ་རེད། ཁོང་གིས་རང་ལྗོངས་ཀྱིས་དམིགས་བསལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ད་ཐེངས་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཡག་པོ་སྒྲུབ་རྒྱུར་གཞོགས་འདེགས་བྱ་རྒྱུ་མ་ཟད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལྟ་སྐུལ་མཛུབ་ཁྲིད་གོ་སྐབས་སུ་བྱས་ཏེ། ཆབ་སྲིད་བདེ་འཇགས་ལ་གནོད་འཚེ་བཟོ་བའི་ནག་གཤེད་ཕྱོགས་གཏོགས་མེད་པ་བཟོས་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་མཇུག་བསྡུའི་ལོར་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས་ཞེས་གསུངས་པ་རེད།