《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月07日

ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེའི)ཚོགས་འདུ་འཚོགས་ནས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་5ཉིན་གནས་ཚུལ་འབྱོར་གསལ། ཚེས་2ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱ་ཆེའི)ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། “རླབས་ཆེན་རྒྱལ་ཁ་བློ་ལ་བརྟན་པོར་ངེས། ཞི་བདེ་དྲང་བདེན་གཉིས་ལ་སྲུང་སྐྱོང་བྱེད། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ལ་གཟིགས་སྐོར་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། དེ་བཞིན་སི་ཁྲོན་ཞིང་ཆེན་གསར་བརྗེའི་རྨས་དམག་ལུས་གསོ་ཁང་གི་བློ་མཐུན་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན། ཀྲུང་གོ་ཟློས་གར་སློབ་གླིང་གི་དགེ་སློབ་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་དང་། རྒྱལ་ཡོངས་རྩ་འཛུགས་ཁོངས་གཏོགས་ཀྱིས《ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ལས་དོན་གྱི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ད་དུང《བོད་རང་སྐྱོང་ལྗོངས་ཀྱི་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་འགོག་ཟོན་སྲོལ་ཡིག(འཆར་ཟིན)》དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག(འཆར་ཟིན)》《〈2019ལོ་ནས་2023ལོའི་བར་གྱི་རྒྱལ་ཡོངས་ཀྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་གི་འཆར་འགོད་རྩ་གནད〉ལག་བསྟར་དོན་འཁྱོལ་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་ཕྲའི་བྱེད་ཐབས》བཅས་ལ་ཞིབ་འཇུག་བྱས་པ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་པ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་པ་དང་ཟུང་འབྲེལ་དམ་ཟབ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་དང་ཡིད་ཆེས་བརྟན་དུ་གཏོང་དགོས། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ། ལས་དོན་ཁག་ཡག་པོ་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”མཇུག་ཡག་པོ་བསྡུ་ཐུབ་པའི་འགན་ལེན་བྱེད་དགོས། གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་དྲིལ་བསྒྲགས་དང་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་སྟེ། ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་དོན་དངོས་འབོར་ཆེན་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་མངོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་མངོན་དགོས། བོད་ཀྱི་ལས་དོན་གྱི་གཞི་འཛིན་ས་དང་། ཤུགས་རྒྱག་ས། འགོ་ཚུགས་ས། དོན་ལ་འབབ་ས་བཅས་ལ་དམ་པོར་དམིགས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་སོགས་ཀྱི་གཙོ་གནད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་སེམས་ནུས་གཅིག་སྒྲིལ་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ལ་འཆར་འགོད་དང་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་བསྟན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་གྲོས་འགོ་ཡག་པོ་བཟོ་སྐབས་རྒྱུན་འཛིན་དང་གསར་གཏོད། སྲིད་གཞུང་དང་ཁྲོམ་ར། སྒོ་དབྱེ་དང་རང་བརྟེན། འཕེལ་རྒྱས་དང་བདེ་འཇགས། འཐབ་ཇུས་དང་འཐབ་རྩལ་བཅས་ཀྱི“འབྲེལ་བ་ཆེན་པོ་ལྔ”ཐག་གཅོད་ཡག་པོ་བྱེད་དགོས་པའི་ནང་དོན་དང་དེ་འབྲེལ་དགོངས་པར་གོ་བ་ཡང་དག་ལེན་པ་དང་། ཚུགས་གནས་མཐོ་བ་དང་། ཇུས་འགོད་གཏིང་ཟབ་པ། འཆར་འགོད་ཕུགས་ལ་དམིགས་པ། དམིགས་ཚད་ཏན་ཏིག་བཅས་ཀྱི་བླང་བྱར་གཞིགས་པ། རང་རྟོགས་ངང་བོད་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བཞག་ནས་ཞིབ་ལྟ་བྱེད་པ། དུས་བབ་ཀྱི་ལས་འགན་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ཁོང་དུ་ཡང་དག་ཆུད་པ། འཕེལ་རྒྱས་ཀྱི་ལེགས་ཆ་དང་ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་བཅས་ལ་དོན་དངོས་དང་མཐུན་པའི་སྒོ་ནས་ཞིབ་ལྟ་བཅས་བྱས་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གྲོས་འགོ་ཞིབ་འཇུག་ནན་ཏན་བྱས་ཏེ་བཟོ་དགོས། དམངས་གཙོ་དར་སྤེལ་གང་ལེགས་བཏང་སྟེ་སྤྱི་ཚོགས་ལས་རིགས་ཁག་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུས་ཏེ། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་སྲིད་ཞུགས་སྲིད་གླེང་དང་ཐབས་འདོན་ཇུས་འགོད་ཀྱི་ནུས་པ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་དམངས་གཉེར་ཁེ་ལས་མཁས་ཅན་སོགས་ཀྱི་འབྲེལ་བ་རྒྱ་ཆེ་ཞིང་ཤེས་ལྡན་མི་སྣ་འཛོམས་ཆེ་བའི་ནུས་པ་འདོན་རྒྱུར་མཐོང་ཆེན་བྱས་ནས་གྲོས་འགོ་བཏོན་རིགས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་གང་ལེགས་དང་། བོད་ཀྱི་དོན་དངོས་དང་འཚམ་པ། མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདུན་སྐོང་གང་ཐུབ་བཅས་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་ལ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཀྲུང་གོའི་མི་དམངས་དང་བླངས་དམག་གི་དཔའ་བོའི་མཛད་རྗེས་དང་གསར་བརྗེའི་སྙིང་སྟོབས་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་ཧུར་ཐག་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་སློབ་གསོ་སྲིད་འཛིན་སྡེ་ཚན་དང་། འབྲེལ་ཡོད་སློབ་གྲྭ དེ་བཞིན་རྒྱ་ཆེའི་རིག་རྩལ་ལས་དོན་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཟློས་གར་སློབ་གླིང་གི་དགེ་སློབ་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་དང་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱེད་པ། དུས་རབས་གསར་པའི་ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། “མི་གང་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་བཟང་པོ་ལྔ་ལྡན་གྱི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བ་དང་རྒྱུན་འཛིན་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ“འགོ་ཁྲིད་དང་པོ”ཡིས་རྒྱལ་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས《ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཚོགས་འདུའི་བླང་བྱ་གཞིར་བཟུང་། དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བྱེད་པོའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《སྲོལ་ཡིག》ཕྱོགས་ཡོངས་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་ཡག་པོ་བྱེད་པ། རང་ལྗོངས་ཀྱི་དོན་དངོས་དང་འཚམ་པའི་ལས་བྱེད་པའི་དཔྱད་ཞིབ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ལས་བྱེད་པ་བཟང་པོར་དཔྱད་ཞིབ་དངོས་སུ་ཐུབ་པ་བཅས་ཀྱིས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས།

ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་འགོག་ཟོན་སྲོལ་ཡིག(འཆར་ཟིན)》ལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་བ་དང་། སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས། 《སྲོལ་ཡིག》དྲིལ་བསྒྲགས་གསལ་འགྲེལ་གྱི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས་བྱེད་ཐབས་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། གསང་མྱུལ་ལ་རྒོལ་བའི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་དགོས། 《སྲོལ་ཡིག》ལག་ལེན་བསྟར་ཤུགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྲོལ་གྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག(འཆར་ཟིན)》ལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་བ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་། སློབ་སྦྱོང་ནན་ཏན། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་སྔོན་རྩིས་བཟོ་བའི་ལས་དོན་སྔར་བས་ལེགས་སུ་གཏོང་བ་དང་སྔོན་རྩིས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། སྔོན་རྩིས་དོ་དམ་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག《〈2019ལོ་ནས་2023ལོ་བར་གྱི་རྒྱལ་ཡོངས་ཀྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་གི་འཆར་འགོད་རྩ་གནད〉ལག་བསྟར་དོན་འཁྱོལ་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས་ཞིབ་ཕྲ》ལ་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་བྱེད་པ་འདེམས་པ་དང་ཚན་པ་བཀོད་སྒྲིག་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ལ་བརྩི་བ་དང་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་སྟེ། འགོ་ཁྲིད་ཚན་ཁག་གི་བཀོད་སྒྲིག་བྱེད་སྟངས་སྔར་བས་ལེགས་སྒྲིག་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། མཐའ་བརྟན་མཐའ་དར་སོགས་གཞི་རིམ་གྱི་འཐབ་ས་དང་པོར་མངོན་པ་དང་། ཕུལ་བྱུང་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། གདམ་གསེས་བཅས་ཤུགས་ཆེན། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། འགག་རྩའི་ལས་གནས་སུ་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་ལ་མཐོང་ཆེན། ལས་བྱེད་པའི་རྒྱུན་གཏན་གྱི་ལྟ་འདོམས་ལ་ཤུགས་སྣོན་ཏན་ཏིག་བཅས་བྱས་ཏེ། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

(རིག་འཛིན་རྡོ་རྗེ་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)