《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月06日

པར་རིས་གསར་འགྱུར།

ཉིན་ཤས་གོང་། རང་སྐྱོང་ལྗོངས་ཀྱི་བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་དོ་དམ་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གཉིས་མཉམ་ལས་བྱས་པའི་ཡུལ་གཞན་གྱི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཏེ། བོད་ལྗོངས་ཐང་ནག་རྡོ་ཞོའི་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ཐོན་རྫས་འདོན་འགོ་ཚུགས་པའི་མཛད་སྒོ་རང་སྐྱོང་ལྗོངས་ཀྱི་བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་དུ་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ནི་བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་གིས་བོད་ཀྱི་ཐོན་ཁུངས་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་ཧུར་ཐག་བསྒྱུར་ནས་བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་འདི་ཉིད་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། ཤེས་ལྡན་མི་སྣ་གཅིག་སྡུད། མི་རིགས་ཐོན་ལས་བཟོ་པ་གསོ་སྐྱོང་བཅས་ཀྱི་རྟེན་གཞི་ཞིག་ཏུ་བསྐྲུན་པའི་བྱེད་ཐབས་ཀྱི་གྲས་ཤིག་ཡིན་ཞིང་། འདི་ནི་རྣམ་གྲངས་ཐོན་སྐྱེད་ཀྱི་མཛད་སྒོ་འཚོག་ཡུལ་ཡིན་པ།