《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月06日

ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས།

བྱེད་ཐབས་སྣ་མང་སྤྱད་ནས་སྤྱི་ཚོགས་འགན་བཅོལ་གྱི་སྲིད་ཇུས་དྲིལ་བསྒྲགས་ཕྱོགས་ཡོངས་ལ་ཁྱབ་པའི་འགན་ལེན་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། སྤྱི་ཚོགས་འགན་བཅོལ་གྱི་དམངས་ཕན་དང་དམངས་བདེའི་སྲིད་ཇུས་ཁག་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། གྲོང་མི་མང་ཚོགས་ཀྱིས་དམངས་ཕན་སྲིད་ཇུས་ལ་ངོས་འཛིན་བྱེད་ཟབ་ཏུ་གཏོང་བ། སྤྱི་ཚོགས་འགན་བཅོལ་གྱི་སྲིད་ཇུས་ཁག་ལག་བསྟར་གྱི་ལས་དོན་སྔར་བས་དོན་འཁྱོལ་ཐུབ་པ་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་ཀྱི་སྒྲོག་འགྲེལ་ཚོགས་པའི་མི་1200ཙམ་ཁྲོམ་གཞུང་ཁག་12ལ་བསྐྱོད་ནས་བྱ་ཐབས་མཉམ་སྤྱོད་དང་ཕྱོཌ་བསྡུས་ཇུས་བསྟར་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་སྤྱི་ཚོགས་འགན་བཅོལ་གྱི་སྲིད་ཇུས་དྲིལ་བསྒྲགས་ཕྱོགས་ཡོངས་ལ་ཁྱབ་པའི་འགན་ལེན་བྱས་ཡོད།

སྒྲོག་འགྲེལ་བྱེད་སྟངས་གསར་རྐྱང་ཡིན་པ། ཅི་འཕྲོས་མོལ་འཕྲོས་བཤད་ནས་སྒྲོག་འགྲེལ་དམངས་ཀྱི་སེམས་ལ་ཟུག་པར་སྣང་ཆེན་བྱས་ཡོད། ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱི་སྒྲོག་འགྲེལ་ཚོགས་པ་ཁྲོམ་གཞུང་དང་གྲོང་ཚོ་དང་གྲོང་ལྷན་ཁག་ཏུ་བསྐྱོད་ནས་གོ་བདེ་ཤེས་སླའི་སྒྲོག་འགྲེལ་བྱེད་སྟངས་ལ་བརྟེན་ཏེ་གྲོང་མི་མང་ཚོགས་ལ་སྲིད་གཞུང་གིས་བཏོན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་དང་སྤྱི་ཚོགས་འགན་སྲུང་གཱ་ཡི་འབྲེལ་ཡོད་སྲིད་ཇུས་བཟང་པོ་རབ་དང་རིམ་པ་སྒྲོག་འགྲེལ་ཡག་པོ་བྱས་ཡོད།

མང་ཚོགས་ཧུར་ཐག་ཞུགས་པ། ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱི་སྒྲོག་འགྲེལ་ཚོགས་པས་མང་ཚོགས་ཞུགས་ཚད་མང་དུ་དང་ངོས་འཛིན་ཟབ་ཏུ་གཏོང་རྒྱུ་དེ་གཙོ་གནད་ལ་བརྩིས་ནས་སྒྲོག་འགྲེལ་བྱས་པ་མ་ཟད། སྒྲོག་འགྲེལ་བྱེད་སྟངས་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་ཡོད། སྒྲོག་འགྲེལ་པ་འགའ་ཤས་ཀྱིས་ཟིན་བྲིས་རྒྱག་པ་དང་། འགའ་ཤས་ཀྱིས་བརྙན་ལམ་ཐོག་ནས་པར་ལེན་པ། འགའ་ཤས་ཀྱིས་འདྲི་བ་འདོན་པ་བཅས་བྱས་ཏེ་མང་ཚོགས་ཀྱིས་སྲིད་ཇུས་ཀྱི་ནང་དོན་ཆད་ལུས་མེད་པར་ཤེས་རྟོཌ་ཐུབ་པ་བྱུང་བས་ཕན་པ་ཐོབ་མཁན་མང་ཚོགས་ཁྲི་ཡན་ཟིན་ཡོད་པ་རེད།

འབྲེལ་གཏུག་སྔར་བས་ཟབ་ཏུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་བསྡུ་སྟངས་ལ་འགྱུར་ལྡོག་གསར་པ་བྱུང་ཡོད། འདི་ལོར་ཁྲལ་དོན་གྱི་འཇལ་སྤྲོད་ལག་བསྟར་བྱས་རྗེས་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་ཁྲེང་ཀོན་ཆུས་ཁྲལ་དོན་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་རྒྱུ་འགོ་འཛུགས་སར་བྱས་ཏེ་སྔ་རྗེས་སུ་འཇལ་སྤྲོད་བྱེད་སྟངས་རིགས་བཞི་བཏོན་པ་དང་། ཚོད་ལྟའི་གཉེར་སྐྱོང་བྱས་རྗེས་སྟབས་བདེའི་གྲོན་དངུལ་སྐྱེལ་སྟངས་རིགས་གསུམ་བདམས་ཏེ། གྲོང་མི་མང་ཚོགས་ཀྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཕྱིར་སྐྱོད་མི་དགོས་པར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་སྐྱེལ་ཐུབ་པ་བྱུང་ཡོད།

ཞབས་ཞུ་དེ་བས་སྤུས་ལེགས་སུ་ཕྱིན་པ། སེམས་རྩ་འཁོལ་བའི་ཞབས་ཞུར་མང་ཚོགས་ཀྱི་ཁས་ལེན་ཐོབ་ཡོད། རིམ་གསུམ་ཞབས་ཞུའི་ཚོམས་ཆེན་དུ་ཁྲེང་ཀོན་ཆུས་མི་སྤྱི་ཅུས་སུ་ཞབས་ཞུའི་སྐར་ཁུང་གཉིས་བཙུགས་ནས་ཉིན་ལྟར་ཆ་སྙོམས་ཀྱི་ལས་སྒོ་200ལྷག་ཙམ་གཉེར་ཀྱི་ཡོད་པ་རེད།