《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月06日

སྐོར་སྐྱོད་ སློབ་ཁྲིད།

ཏང་གི་ཤེས་བྱ་སློབ་ཁྲིད་ནི་ཏང་ཡོན་ལ་དོ་དམ་བྱེད་པའི་གཞི་རྟེན་གལ་ཆེན་དང་ནུས་ལྡན་གྱི་བྱ་ཐབས་ཤིག་ཡིན་ལ། རྒྱ་ཆེའི་ཏང་ཡོན་ཚོའི“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་ཏང་ཡོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་རེད། ཞིང་འབྲོག་པའི་ཏང་ཡོན་ལ་སློབ་གསོ་གཏོང་བར་དམ་འཛིན་ཡག་པོ་བྱེད་པ་དང་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་སྲ་བརྟན་དུ་གཏོང་བ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་གྲོང་གསེབ་དར་རྒྱས་མངོན་འགྱུར་སོགས་ལས་དོན་གྱི་རྩ་འཛུགས་ཀྱི་འགན་ལེན་གལ་ཆེན་ཞིག་ཡིན།

འདི་ནི་མཚོ་སྣ་རྫོང་ཨུད་རྩ་འཛུགས་པུའི་ཁོངས་མིས་ཞིང་ནང་དང་མུ་ཁར་བསྐྱོད་ནས་ཞིང་འབྲོག་པའི་ཏང་ཡོན་ལ་ཏང་གི་ཤེས་བྱ་སློབ་ཁྲིད་བྱེད་བཞིན་པ།