《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月06日

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས།

སྐོར་སྐྱོད་ཏང་གི་སློབ་གྲྭ་ཁྱིམ་གྱི་ སྒོ་རྩར་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས“སྐོར་སྐྱོད་ཏང་གི་སློབ་གྲྭ”སྒྲིག་འཛུགས་བྱས་ཏེ་ས་སྒང་ཤང་དབུ་མདའ་གྲོང་ཚོ་དང་ཁ་ལོ་གྲོང་ཚོར་བསྐྱོད་ནས་དུས་ཐེངས་ལྔ་པའི“སློབ་གསོ་སྒོ་རྩར་གཏོང་བའི”བྱེད་སྒོ་སྤེལ་བར། ཁྱོན་བསྡོམས་ཞིང་འབྲོག་པའི་ཏང་ཡོན་400ལྷག་ཙམ་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

ད་རེས་ཀྱི“སློབ་གསོ་སྒོ་རྩར་གཏོང་བའི”བྱེད་སྒོ་དེ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་བརྗོད་དོན་གཙོ་བོར་བྱེད་པ་དང་། སློབ་ཁྲིད་དགེ་རྒན་གྱིས་བབ་ཆགས་པའི་སྐད་ཆ་དང་། ཉེ་འགྲམ་གྱི་དོན་དངོས་ལ་བརྟེན་ནས་ཞིང་འབྲོག་ཏང་ཡོན་ཚོར་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སྔར་བས་གཏིང་ཟབ་དང་གསོན་ཉམས་ལྡན་པའི་སྒོ་ནས་ཤེས་རྟོགས་ཐུབ་པར་བྱས་པས། ཞིང་འབྲོག་པའི་ཏང་ཡོན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་ཤེས་རྟོགས་ཐུབ་ཚད་མང་དུ་ཕྱིན་པ་དང་། ཏང་ལ་དད་སེམས་དང་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ་རེད།

བྱེད་སྒོ་མཇུག་འགྲིལ་རྗེས་ཁ་ལོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསྟན་འཛིན་གྱིས། སྔོན་ཆད་གསོ་སྦྱོང་བྱེད་པར་ཤང་དུ་འགྲོ་དགོས་ཀྱི་ཡོད། ད་ཆ་གྲོང་ཚོ་ནས་བསྐྱོད་མི་དགོས་པར་སྒོ་རྩར་གསོ་སྦྱོང་ལ་ཞུཌ་ཐུབ་པས་སེམས་ནང་ཧ་ཅང་དགའ་པོ་འདུག ད་རེས་གསོ་སྦྱོང་གི་གྲུབ་འབྲས་ཀྱང་ཡག་པོ་ཐོབ་བྱུང་། སླད་ཕྱིན་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་གྲོང་ཚོ་ཨུ་ལྷན་གྱི་རྒྱུན་གཏན་གྱི་ལས་དོན་ལེགས་པར་བསྒྲུབས་ཏེ་གྲོང་མི་ཚོར་བྱ་བ་དངོས་སྒྲུབ་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱ་རྒྱུ་ཡིན་ཞེས་བརྗོད།