《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月06日

ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས།

ཏང་འཛུགས་སྐྱོང་ལ་བརྟེན་ནས་ལས་ཀའི་ལམ་སྲོལ་ གསར་གཏོད་བྱ་རྒྱུར་སྣེ་ཁྲིད་བྱེད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་བོད་སྐྱོར་བྱས་ཚུན། ཏང་འཛུགས་སྐྱོང་ལ་བརྟེན་ནས་ལས་ཀའི་ལམ་སྲོལ་གསར་གཏོད་བྱ་རྒྱུར་སྣེ་ཁྲིད་དང་། བོད་སྐྱོར་ལས་ཀའི་ནང་དོན་ཟབ་གཏོང་། ལས་དོན་སྤེལ་སྟངས་གསར་གཏོད་བཅས་བྱས་ནས་གནད་སྨིན་བོད་སྐྱོར་གྱི་རྣམ་པ་གསར་པ་གཏོད་འགོ་ཚུགས་ཡོད།

ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཏང་འཛུགས་སྐྱོང་གི་ཐོན་ཁུངས་དེ་འགག་སྒྲོལ་གྱི་སྒུལ་ཤུགས་སུ་བསྒྱུར་བ་བྱས་ནས། མ་དངུལ་སྒོར་ཁྲི་80རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་4ཡི་གཞི་རིམ་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་རྟགས་གཏོད་པའི་འདུ་འགོད་ཐད་སྤྱད་པས། རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཀྱི་བཀྲག་མདངས་འཚེར་ས་མང་པོ་མངོན་ཡོད། མིག་སྔའི་བར་འཕྱོངས་རྒྱས་རྫོང་གིས་འཕྱོངས་རྒྱས་ཀྱི་ཏང་ཡོན་དྲ་ཐོག་ཚོང་ཁང་ལྟེ་གནས་དང་། ཞོལ་སྡེ་ཁུལ་གྱི“བདེ་སྐྱིད་ལྡན་པའི་ཏང་འཛུགས་སྐྱོང” ལྷ་ཡུལ་ཤང་གི“དུས་རབས་གསར་པའི་སློབ་སྦྱོང་དང་སྤེལ་རེས་ལྟེ་གནས”སོགས་གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཁག་གཅིག་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད།

ལས་ཀའི་ཁྲོད་ཤང་དབྱང་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་གིས་དམངས་འཚོ་ཤུགས་རྒྱག་གཞིར་བྱས་ཏེ་རྣམ་གྲངས་རོགས་སྐྲུན་གྱི་ནང་དོན་གསར་གཏོད་བྱས་ཤིང་། རྣམ་གྲངས་འཛུགས་སྐྲུན་ཁྲོད་བོད་སྐྱོར་རྣམ་གྲངས་ཞིང་འབྲོག་ཁུལ་དུ་དང་མང་ཚོགས་ཀྱི་འབབ་འཕར་རྣམ་གྲངས་ཐད་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་2600ལྷག་ཙམ་འཕྱོངས་རྒྱས་རྫོང་གི་རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་དང་དེ་བཞིན་འགྲིམ་འགྲུལ་ཟོག་འགྲེམས་མཛོད་ཁང་བསྐྲུན་རྒྱུའི་ཐད་བཏང་ནས་ཁྱིམ་ཚང་མགྲོན་ཁང་40ལྷག་ཙམ་གྲུབ་འབྲས་ཐོབ་པའི་ངང་བཙུགས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”བོད་སྐྱོར་རྣམ་གྲངས་11ཐོག་མར་འཆར་བཀོད་བྱས་ནས་འཕྱོངས་རྒྱས་རྫོང་སྤུས་ཚད་ལེགས་པོའི་ངང་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

འདི་ལོ་ཤང་དབྱང་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་གིས་ནང་སའི་ཏང་འཛུགས་སྐྱོང་སྔོན་ཐོན་སྡེ་ཁུལ(གྲོང་ཚོ)དང་འཕྱོངས་རྒྱས་རྫོང་གི་སྡེ་ཁུལ(གྲོང་ཚོ)དབར་ཆ་སྒྲིག་གི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་སྤེལ་བ་དང་། ས་གནས་གཉིས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གིས་མཉམ་དུ་བསྐྲུན་པའི་འཕྱོངས་རྒྱས་ཀྱི་རྣམ་པ་གཏོད་པ། དབུལ་སྐྱོར་ལ་ཐོན་ཁུངས་གསར་པ་དང་མཐུན་རྐྱེན་གསར་པ་སྣོན་རོགས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་མཁར་རྫོང་ཞིག་ཏུ་དངོས་སུ་གྱུར་བ་བྱ་རྒྱུ་རེད།