《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月06日

སྣང་རྫོང་སྣང་གྲོང་རྡལ་སྡོད་པ་གྲོང་ཚོས།

སུར་པན་བཏབ་ནས་མང་ཚོགས་དབུལ་སྒྲོལ་ ཕྱུག་འགྱུར་ལམ་དུ་ཁྲིད་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། མིག་སྔར་སྣང་རྫོང་གི་སུར་པན་ཡོངས་སུ་སྨིན་ཞིང་། ཉི་མའི་ཚ་གདུག་འོག་ཞིང་ནང་དུ་ལས་ལ་བྲེལ་བའི་སུར་པན་འཐུ་མཁན་མང་པོ་མཐོང་ཐུབ། སྣང་རྫོང་སྣང་གྲོང་རྡལ་སྡོད་པ་གྲོང་ཚོར་ཉི་འོད་ཕོག་ཡུན་རིང་ཞིང་། ས་རྒྱུ་སུར་པན་འདེབས་རྒྱུར་ཧ་ཅང་འཚམ་པོ་ཡོད། 2020ལོར་གྲོང་ཚོ་ཡོངས་ཀྱིས་སུར་པན་མུའུ་42ལྷག་ཙམ་བཏབ་པ་དང་བདག་སྐྱོང་ཡག་པོ་བྱས་པས་སུར་པན་སྐྱེས་ཚུལ་ལེགས་ཤིང་ཐོན་འབབ་མང་པོ་བྱུང་ཡོད།

མང་ཚོགས་ཀྱི་སུར་པན་ཕྱིར་ཚོང་གི་གནད་དོན་ཐག་གཅོད་བྱ་ཆེད། འདི་ལོའི་ཟླ་7པའི་ཟླ་འགོར་སྣང་རྫོང་ཏང་ཨུད་དང་སྲིད་གཞུང་གི་མཛུབ་སྟོན་དང་མཐུན་སྦྱོར་འོག་སྡོད་པ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། གྲོང་སྡོད་ལས་དོན་རུ་ཁག གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་སོགས་ཀྱིས་སུར་པན་ཕྱིར་ཚོང་གནད་དོན་ལ་དམིགས་ནས། མང་ཚོགས་ལ་ཐབས་དང་ཇུས་སྟོན་རོགས་བྱས་ཁར། “གཉིས་ལྡན་དུད་སྦྲེལ་དང་། དུད་ཚང་དབུལ་པོ། གྲོང་སྡོད་ལས་དོན་རུ་ཁག”བཅས་ཟུང་འབྲེལ་གྱི་འདེབས་འཛུགས་རོགས་སྐྱོར་ཕྱིར་ཚོང་གི་རྣམ་པ་བཏོད་དེ་། མང་ཚོགས་ཀྱི་སུར་པན་ཕྱིར་ཚོང་གི་གནད་དོན་བསལ་ཐོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡང་བྱུང་ཡོད།

2020ལོའི་ལོ་སྟོད་དུ། སྣང་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གི་མཐུན་སྦྱོར་དང་། སྦྲེལ་མཐུད། མཛུབ་སྟོན་བཅས་འོག་སྡོད་པ་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས་སྣང་གྲོང་རྡལ་དབྱི་ཤིང་སུར་པན་ལས་སྣོན་བཟོ་གྲྭ་དང་གྲོང་མདའ་སུར་པན་ལས་སྣོན་བཟོ་གྲྭར་བསྐྱོད་དེ། སྡོད་པ་གྲོང་ཚོའི་སུར་པན་ཕྱིར་ཚོང་གི་གནད་དོན་ལ་མཐུན་སྦྱོར་སྦྲེལ་མཐུད་བྱས་པ་དང་ཆབས་ཅིག གྲོང་ཚོ་ཡོངས་ཀྱི་སུར་པན་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་སྟེ། མང་ཚོགས་འབབ་འཕར་བརྟན་པོ་ཡོང་རོགས་བྱས་ཡོད། མིག་སྔའི་བར། སྣང་གྲོང་རྡལ་དབྱི་ཤིང་སུར་པན་ལས་སྣོན་བཟོ་གྲྭས་སྡོད་པ་གྲོང་ཚོའི་སུར་པན་ཏུན་7ཉོས་པ་དང་འབབ་འཕར་སྒོར་ཁྲི་3.5ཟིན་ནས་གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་16ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པ་མ་ཟད། ད་དུང་དབུལ་སྒྲོལ་གྱི་ཕན་འབྲས་བརྟན་དུ་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད།