《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月06日

ལྗོངས་ཡོངས་ཀྱི་གསར་འགྱུར་ལྟ་ཀློག་དཔྱད་བསྡུར་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་ཐོག་མ་དེ་སློབ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཚེས་3ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་གསར་འགྱུར་ལྟ་ཀློག་དཔྱད་བསྡུར་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་ཐོག་མ་དེ་ལྷ་སར་སློབ་འགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་སྤྱི་ཡོངས་བཀོད་སྒྲིག་སྔར་བས་ལག་བསྟར་བྱས་ཏེ་ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་དང་། ཏང་གིས་སྨྱན་སྦྱོར་ལ་དོ་དམ། ཏང་གིས་གླེང་ཕྱོགས་ལ་དོ་དམ་བཅས་ཀྱི་རྩ་དོན་དང་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གྱིས་གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་ནུས་པ་དང་། སྣེ་ཁྲིད་ནུས་པ། ཤུགས་རྐྱེན་ཐེབས་ཤུགས། སྤྱི་མོས་ཐོབ་ཤུགས་བཅས་ཆེ་རུ་གཏོང་བ་དང་། གསར་འགྱུར་ཚན་པ་ཁག་གིས་ཚགས་པར་དང་། དུས་དེབ། ཚགས་པར་ལས་ཁུངས། བརྙན་འཕྲིན་ལས་ཁུངས། དྲ་རྒྱ་བཅས་ཡག་པོ་གཉེར་ནས་སྤུས་ཚད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རེད།