《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月06日

ལིའུ་ཅང་ལྗོངས་ཏང་ཨུད་གཞུང་དོན་ཐིང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་4ཉིན་གནས་ཚུལ་འབྱོར་གསལ། གོང་ཚེས་ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ལྗོངས་ཏང་ཨུད་གཞུང་དོན་ཐིང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ། ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་། རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་བཅས་ཀྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་གནང་ནས་གཅིག་སྡུད་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་གནང་བ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཀྲུང་གོའི་མི་དམངས་དུང་ཕྱུར་གྱིས་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་རླབས་ཆེན་ཕུགས་འདུན་མངོན་ཡོད་པས། ང་ཚོས་ངེས་པར་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དཔེ་སྟོན་བཟང་པོ་དང་མིག་དཔེ་བཟང་པོ་འདོན་དགོས་པའི་ནན་བཤད་གནང་བ་རེད།

ལིའུ་ཅང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་དགོས་པ་སྟེ། ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས་གཙོ་བོ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞབས་ཞུའི་འགན་ལེན་ཡག་པོ་བྱེད་དགོས་པ་དང་། ལྗོངས་ཏང་ཨུད་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་གཙོ་བོ“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ལ་བདེ་འཇགས་དང་ཞི་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས་པ། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་གཙོ་བོ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་བསམ་བློ་ཆབ་སྲིད་ཀྱི་འགན་ལེན་ནུས་ལྡན་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།