《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月06日

རང་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་པ།

ས་སྲོས་སུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བདེ་སྐྱིད་ཁྱིམ་གཞིས་ཁུལ་ཆུང་དུ་གནས་པའི་ཨ་ཅག་ངག་བཟང་སོལ་ཐབ་མདུན་དུ་དགོང་ཟས་བཟོ་བཞིན་འདུག ལོ་གཉིས་ལྷག་ཙམ་གོང་ངག་བཟང་གི་ཁྱིམ་བོད་ཀྱི“ས་ངན་ཡུག་ཁུལ”སྟེ། ལྷ་ས་གྲོང་ཁྱེར་ནས་སྤྱི་ལེ་1600ཙམ་གྱི་ས་ཐག་ཆོད་པའི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་འབུམ་སྐྱེས་ཤང་མཁལ་པོ་གྲོང་ཚོར་ལྕི་བ་འབུད་ནས་ཁ་ལག་བཟོ་གི་ཡོད།

“ས་ངན་ཡུག་ཁུལ”ནི་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཧ་ཅང་འགྲོ་འགོར་བའི་ས་ཁུལ་གྲས་ཤིག་ཡིན་པ་དང་། སྡོད་མལ་ཁོར་ཡུག་ཞན་པས“ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་ཐབས་བྲལ”དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་རིང་། བོད་རང་སྐྱོང་ལྗོངས་ཀྱིས་དབུལ་སྐྱོར་གནས་སྤོ་གྲོང་ཁྱེར་དང་གྲོང་རྡལ་ལ་གཅིག་སྡུད་དང་། ཐོན་སྐྱེད་རྒྱུ་ཆ་ཕུན་སུམ་ཚོགས་ལ་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་འཐུས་སྒོ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱས་ཏེ། འབུམ་སྐྱེས་ཤང་ཚུད་པའི་ས་ངན་ཡུག་ཁུལ་གྱི་ཤང་7དང་སྲིད་འཛིན་གྲོང་ཚོ་45ས་ཁུལ་དང་གྲོང་ཁྱེར་སྒྲོལ་བའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་པ་རེད། 2018ལོའི་ཟླ་དྲུག་པར་ངག་བཟང་ཁྱིམ་གྱི་ནང་མི་བཞི་མི་རབས་མང་པོ་འཚོ་གནས་བྱེད་སའི་མཁར་རྫོང་ནས་བདེ་སྐྱིད་ཁུལ་ཆུང་གི་སྨི་ངོས་གྲུ་120ལྷག་ཙམ་ཡོད་པའི་ཁང་པ་གསར་པར་སྤོས། ཁང་པ་ནི་སྲིད་གཞུང་གིས་རིན་མེད་དུ་སྤྲད་པ་དང་། ཁྱིམ་དུ་གློག་རླངས་དང་དྲོད་རླངས་མཁོ་འདོན་གྱི་སྒྲིག་ཆས་དང་དེ་བཞིན་འཛིན་ཆས་གང་དགོས་ཚང་མ་ཡོད།

ལྷ་སར་སླེབས་ན་སྡོད་ས་གང་འདྲ་ཡོད་དམ། གང་དུ་ནོར་ལུག་འཚོ་བར་འགྲོ་དགོས་སམ། གནས་སྤོ་མ་བྱས་གོང་ལོ་80ལ་སླེབས་པའི་ངག་བཟང་གི་ཕ་ཚེ་དབང་འགྱུར་མེད་ལ་སེམས་ཁྲལ་མང་པོ་བྱུང་ཡོད། ད་ཆ་ཁྱིམ་དུ་དེང་རབས་ཅན་གྱི་སྒྲིག་ཆས་ཆ་ཚང་ཡོད་པ་མ་ཟད། བུ་མོ་གཉིས་ཉེ་འགྲམ་གྱི་བུ་བཅོལ་ཁང་དུ་ལས་ཀ་རག་པས་རྒན་རྒོན་གྱི་སེམས་པ་ལྷོད་ལ་བབས།

མིག་སྔའི་བར། རང་སྐྱོང་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ(ས་ཚིགས)965ཚང་མ་ལས་མཇུག་འགྲིལ་ནས་མི་ཁྲི་26.6ཚང་མ་གནས་སྤོས་ཟིན་པ་རེད། གནས་སྤོས་རྗེས་ད་དུང་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱ་ཆེད། རང་ལྗོངས་ཀྱིས་ལས་གནས་མཁོ་འདོན་དང་ལས་ཞུགས་བརྟན་པོ་ཡོང་བ་བྱས་ནས་གནས་སྤོ་གཏན་འཇགས་ཡོང་བ་བྱས་ཏེ། ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་5%བཀོད་སྒྲིག་ས་ཚིགས་ཀྱི་ཐོན་ལས་འཛུགས་སྐྱོང་ལ་སྤྱད་དེ། ངལ་རྩོལ་ནུས་པ་ཡོད་པའི་གནས་སྤོའི་དུད་ཚང་གྲས་ནས་མི་གཅིག་ལས་ཞུགས་བརྟན་པོ་ཡོང་བ་བྱས་ཡོད།

ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ནི་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་མཚོན་དཔེ་ཙམ་ཞིག་རེད། ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་དབུལ་སྒྲོལ་ལ་སྐུལ་འདེད་བཏང་ཞིང་། ནས་ཀྱི་ཐོན་འཕར་དང་། འབྲི་གཡག་བཤས་གཏོང་། ཡུལ་སྐོར་རིག་གནས། ཨར་སྐྲུན་རྒྱུ་ཆ་སོགས་ཀྱི་ལེགས་ཆའི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་བཏང་བ་དང་། 2016ལོ་ནས་བཟུང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་400ཙམ་བཏང་བ། ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་3000ཙམ་ལག་ལེན་བསྟར་བ། མི་འབོར་དབུལ་པོ་ཁྲི་23.8ཙམ་དབུལ་སྒྲོལ་བྱེད་རྒྱུར་སྐུལ་ཁྲིད་བཅས་བྱས་པས། མང་ཚོགས་ཁྲི་84ལྷག་ཙམ་ལ་ཕན་པ་ཐོབ་པ་རེད།

དཔལ་མགོན་ནི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4750ལྷག་ཙམ་ཟིན་པའི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་ཞིང་། 2017ལོར་དཔལ་མགོན་རྫོང་ཕུར་བུ་གྲོང་རྡལ་སྐྱེས་སྡེང་གྲོང་ཚོའི་གྲོང་མིས་སྲིད་གཞུང་གི་རོགས་སྐྱོར་འོག་འབྲོག་ལས་མཉམ་ལས་ཁང་བཙུགས་ནས། ས་གནས་དེ་གའི་ཐོན་ཁུངས་སྤྱད་དེ་བལ་གྱི་འཁེལ་འཐག་ཐོན་ལས་འཕེལ་རྒྱས་བཏང་བ་རེད། ལོ་27ལ་སླེབས་པའི་འབྲོག་པ་ལྷ་མོ་སྒྲོལ་མས་དྲ་ཐོག་ཚོང་ཁང་གཉེར་ནས་བལ་གྱི་འཁེལ་འཐག་ཐོན་རྫས་འཚོང་གི་ཡོད། 2019ལོར་ཡོང་འབབ་སྒོར་ཁྲི་10ཙམ་བྱུང་ཡོད། དཔལ་མགོན་རྫོང་གིས་དབུལ་སྐྱོར་དངོས་ཚན་62སྔ་རྗེས་སུ་འཕེལ་རྒྱས་བཏང་བ་དང་། 2019ལོའི་ལོ་མཇུག་ཏུ་རྫོང་ཧྲིལ་པོའི་དབུལ་ཞྭ་ཕུད་ཡོད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

2016ལོ་ནས་བཟུང་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན། ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་750ཙམ་སྤྱི་འདོམས་ལེགས་སྒྲིག་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ཐད་བཏང་བ་དང་། ལོ་རེར་འཕར་ཚད་15%ལྷག་ཙམ་ཟིན་གྱི་ཡོད། དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་490ཙམ་བཏང་བ་རེད། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཀྱིས་མིག་སྔར་བོད་སྐྱོར་རྣམ་གྲངས་313དོན་འཁྱོལ་བྱས་པར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་195དམིགས་སར་འབྱོར་ཡོད། པེ་ཅིང་བོད་སྐྱོར་བཀོད་འདོམས་པུའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་བཅས་ཡིན་པའི་ཝང་ཆང་གིས། པེ་ཅིང་གྲོང་ཁྱེར་གྱིས་ཁ་གཏད་བོད་སྐྱོར་བྱས་པའི་ལོ་20ལྷག་ཙམ་རིང་མ་དངུལ་དང་རྣམ་གྲངས་དམངས་འཚོའི་ཁྱབ་ཁོངས་སུ་གཏོང་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། 2016ལོ་ནས་བཟུང་པེ་ཅིང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་13ཙམ་བཏང་ནས་འདམ་གཞུང་སོགས་རྫོང་དང་ཆུས་བཞི་2018ལོའི་ལོ་མཇུག་གོང་དབུལ་ཞྭ་འབུད་རྒྱུར་རམས་འདེགས་བྱས་ཡོད་ཅེས་བརྗོད་པ་རེད།

དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་རིང་། བོད་ཀྱི་ཆུ་གློག་ལམ་གསུམ་དང་། འཕྲིན་གཏོང་། དྲ་རྒྱ་སོགས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་མཐུད་ལེགས་སུ་བཏང་བས། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་ཁོ་ན་ཁྲི་1.7ལྷག་ཙམ་ཟིན་པ་དང་། ཞིང་འབྲོག་མང་ཚོགས་ཁྲི་200ལྷག་ཙམ་ལ་ཕན་པ་ཐོབ་སྟེ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཚང་མ་ཐག་གཅོད་ཐུབ་ཡོད་པ་རེད། སྡོད་གནས་ཐད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་4.36གི་ཉེན་ཡོད་ཁང་པ་སྒྱུར་བཀོད་བྱས་པས། མང་ཚོགས་དབུལ་པོའི་ཉེན་ཡོད་ཁང་པ་གཅིག་ཀྱང་ལྷག་མེད་པ་རེད།

ཟླ་10ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ལྷ་སར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་2019ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་ཀྱི་རྫོང་དང་ཆུས་དབུལ་པོ་74ཡི་དབུལ་ཞྭ་ཕུད་ཟིན་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ། མི་འབོར་དབུལ་པོའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་དེ་2015ལོའི་སྒོར་1499ནས་2019ལོའི་སྒོར་9328བར་འཕར་ཡོད་ཅེས་ཁྱབ་བསྒྲགས་ནན་ཏན་གནང་བ་རེད། དུས་དེ་ནས་བཟུང་ལོ་ངོ་བརྒྱ་སྟོང་རིང་གནས་པའི་བོད་ཀྱི་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་མཐར་ཕྱིན་ཐུབ་ཡོད།

(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་པའི་གློག་འཕྲིན)