《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月06日

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཚེས་4ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་སྒྲོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྔར་བས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་གོང་དཔེ་འོག་སྟོན་གྱིས་ལྗོངས་ཡོངས་སུ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་སྣེ་ཁྲིད་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ནོར་བུ་དོན་གྲུབ་དང་། བསྟན་ཁོ། ཅང་ཅེ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་སློབ་སྦྱོང་ནང་ཞུགས་ཤིང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ཚོགས་འདུའི་ཐོག 《〈རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་ཉིས་སྟོང་སོ་ལྔ་ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི〉སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསལ་བཤད》དང་། 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་ཉིས་སྟོང་སོ་ལྔ་ལོའི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》 《ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས》བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ཡན་ཅིན་ཧའེ། ནོར་བུ་དོན་གྲུབ། བསྟན་ཁོ། ཅང་ཅེ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་ཀྱིས་གཙོ་གནད་གཏམ་བཤད་གནང་བ་རེད། ཀྲང་ཞུའེ་ཅེ་དང་། ཧོ་ཝུན་ཧའོ། ཝང་ཝུའེ་ཏུང་བཅས་ཀྱིས་ཡིག་ཐོག་གཏམ་བཤད་གནང་བ་རེད།

ཚང་མའི་གཏམ་བཤད་གསན་རྗེས། ཝུའུ་དབྱིང་ཅེས་བསྟན་དོན། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འདྲེས་མཚམས་སུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་དང་། འཐབ་འགོད་ཇུས་འདོན། མཐོ་འཛེགས་རྒྱང་ལྟ། འགག་རྩར་དམ་འཛིན་བཅས་གནང་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གནད་དོན་ལ་གཙོ་གནད་ཐོག་ཞིབ་འཇུག་དང་འབྲེལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་ལ་སྤྱི་འདོམས་བསམ་གཞིག་བྱ་རྒྱུའི་གྲོས་འགོ་བཏོན་ཏེ་འཕེལ་རྒྱས་ཀྱི་འཆར་གཞི་འགོད་པ་དང་། ལག་ལེན་གྱི་ཐབས་ལམ་བཟོ་བ། འཐབ་ཇུས་བཀོད་སྒྲིག་གནང་བ་བཅས་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་གང་ལེགས་མངོན་ཡོད། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་མཐོ་ཚད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་མཐོ་ཚད་ནས་རང་རྟོགས་ངང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས་ལ་བརྟེན་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་སྒྲོན་གལ་ཆེན་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) གསུང་བཤད་གལ་ཆེན། གསལ་བཤད་གལ་ཆེན་བཅས་ཀྱི་ལྟེ་བའི་དོན་སྙིང་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་ཡང་དག་ཆུད་པ། 《གྲོས་འགོའི》མ་ཟིན་ནང་གི་ལྟ་ཚུལ་གཙོ་བོ་དང་རྣམ་བཤད་གལ་ཆེན་ལ་གོ་བ་གསལ་པོ་དང་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱས་ཏེ་སློབ་སྦྱོང་བྱེད་རིམ་བཞིན་ངོས་འཛིན་དང་མྱོང་ཚོར་ཟབ་ཏུ་འགྲོ་བ་དང་། ཁ་ཕྱོགས་དང་བསམ་ཕྱོགས་སྔར་བས་ཁ་གསལ་ཡོང་བར་བྱས་ཏེ་ལས་ཀའི་གདེང་ཚོད་འཕེལ་བར་བྱེད་དགོས།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ། བོད་ཀྱི་མིག་སྔའི་ལས་དོན་གྱི་དོན་དངོས་དང་འཕྲད་པའི་དུས་བབ་དང་ལས་འགན་དང་ཟུང་འབྲེལ་བཅས་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་གསར་པར་གོ་བ་གཏིང་ཟབ་ལེན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བཀོད་སྒྲིག་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། ཚང་འཛོམས་གྲོས་ཚོགས་ཐོག《གྲོས་འགོའི》མ་ཟིན་འགོད་ཚུལ་སྐོར་ལ་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསལ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་ཉིས་སྟོང་སོ་ལྔ་ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》ཡི་དགོངས་དོན་ངོ་བོར་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ནས་རང་རྟོགས་ངང་རང་ལྗོངས་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ལ་ཁྲིད་སྟོན་ཐུབ་པ་དང་། དུས་རབས་གསར་པའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་དགོས།

གཅིག་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལ་མཛུབ་ཁྲིད་བྱེད་པའི་ཐད་སྤྱོད་དགོས། བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་དང་། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེན་མི་ལྷགས་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་མཐའ་འཁྱོངས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་མཐའ་འཁྱོངས་བྱེད་པ། སྤྱོད་གོ་ཆོད་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོར་ཕྱོགས་སྡོམ་དང་གདམ་གསེས་བྱེད་པ་མ་ཟད། དེ་དག་ཕུགས་ཕན་ལམ་ལུགས་སུ་གྱུར་པར་བྱས་ནས་སྤྱི་ཚོགས་བཅོས་སྐྱོང“བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བར”སྐུལ་འདེད་ཤུགས་ཆེན་གཏོང་དགོས།

གཉིས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་མཛུབ་ཁྲིད་བྱེད་པའི་ཐད་སྤྱོད་དགོས། “ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི”དམིགས་ཚད་ལ་དམ་འཛིན་གང་ལེགས་ཀྱིས་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་། སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲོད་པ། རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་དང་། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ། གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་འཐུས་སྒོ་ཚང་བ་དང་། སྔར་བས་འགན་སྲུང་ཡོད་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱེད་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་དམ་པོར་དམིགས་པ་དང་། དམངས་གཙོ་དར་སྤེལ་གང་ལེགས་བཏང་སྟེ་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གྲོས་འགོར་ཞིབ་འཇུག་ནན་ཏན་བྱས་ནས་གྲོས་འགོ་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་གང་ལེགས་དང་། བོད་ཀྱི་དོན་དངོས་དང་མཐུན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་དང་འཚམ་པ་བཅས་ཡོང་བར་བྱེད་དགོས།

གསུམ་ནས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་ཐད་སྤྱོད་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པས། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་དང་། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་ཁོང་དུ་བརྟན་པོར་ཆུད་པ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་ཐུབ་པར་བྱེད་དགོས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། “ལྟོ་གོས”ལ་མཐོང་ཆེན་དང“བསམ་བློར”དེ་བས་སྣང་ཆེན་མཐའ་འཁྱོངས་བྱེད་པ། “སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པ”“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། སུའི་ཆེད་དུ་གསོ་སྐྱོང་བྱེད་པ། གསོ་སྐྱོང་ཇི་ལྟར་བྱེད་པ”སོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ། མི་རིགས་ཁག་གི་མང་ཚོགས་ཀྱིས“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཕུགས་བསམ་གྱི་དད་སེམས་དང་། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཀྱི་འདུ་ཤེས་བཅས་ཀྱི་ཐད་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་མཐུན་སྒྲིལ་དམ་ཟབ་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་སྣོན་དགོས།

བཞི་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱེད་པའི་ཐད་སྤྱོད་དགོས། སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། སྲུང་སྐྱོང་ཧུར་ཐག་དང་བྱས་རྗེས་འཇོག་གང་ཐུབ་མཐའ་འཁྱོངས་བྱེད་པ། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གཞན་སྒྱུར་མགྱོགས་སུ་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་བྱས་ཏེ་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

ལྔ་ནས་མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་པའི་ཐད་སྤྱོད་དགོས། མཐའ་མཚམས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་གཙོ་རྐང་འདིར་དམ་པོར་དམིགས་ནས་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་བཅས་མུ་མཐུད་མཐའ་མཚམས་ས་ཁུལ་ལ་ཕྱོགས་ཏེ་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་དང་། འབྱུང་འགྱུར་གྱི་སེམས་ཁྲལ་བསལ་ནས་མང་ཚོགས་མཐའ་མཚམས་སུ་འགྲོ་བའི་ཡིད་དབང་བཀུག་སྟེ་མཐའ་མཚམས་མི་སེར་གྱི་མཐའ་སྲུང་མཐའ་བརྟན་གྱི་ནུས་པ་རིམ་བཞིན་ཆེ་རུ་གཏོང་དགོས།

དྲུག་ནས་སྒྱུར་བཅོས་ཟབ་གཏོང་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་མཛུབ་ཁྲིད་བྱེད་པའི་ཐད་སྤྱོད་དགོས། སྒྱུར་བཅོས་དང་སྒོ་དབྱེའི་ལས་དོན་སྤེལ་རིང་ཞན་ཆ་གང་མགྱོགས་གསབ་པ་དང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སོགས་ཀྱི་གོ་སྐབས་གལ་ཆེན་ལ་དམ་འཛིན་ཡག་པོ་བྱས་ཏེ་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་དང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་དང་ཧྲའན་ཤིས་དང་། ཀན་སུའུ། མཚོ་སྔོན། ཉིང་ཞ་བཅས་ཀྱི་དཔལ་འབྱོར་ཁུལ་དང་མཉམ་འདྲེས་ཧུར་ཐག་བྱེད་པ་དང་། ཨེ་ཤ་ཡ་ལྷོ་མར་ཕྱོགས་ཏེ་སྒོ་མོ་དབྱེ་བའི་བགྲོད་ལམ་གལ་ཆེན་གང་མགྱོགས་སྐྲུན་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྷ་ས་ལྟེ་བར་བྱས་པའི་ལྗོངས་ནང་ཁུལ་གྱི་དཔལ་འབྱོར་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ཏེ་དཔལ་འབྱོར་གྱི་འཕར་གཞི་གསར་པ་ཟམ་མི་ཆད་པར་སྐྱེད་སྲིང་བྱེད་དགོས།

ཝུའུ་དབྱིང་ཅེས་བླང་བྱ་བཏོན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་རྩ་བརྟན་པོས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་སློབ་སྦྱོང་སྒྲིག་འཛུགས་ནན་ཏན་དང་། དྲིལ་བསྒྲགས་དང་སྒྲོག་འགྲེལ་རྒྱ་ཁྱབ། ལས་དོན་དོན་འཁྱོལ་ལ་དམ་འཛིན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་བཅས་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་དུད་ཚང་ཀུན་དང་མི་ཚང་མས་ཤེས་པར་བྱེད་དགོས།

(བསྟན་འཛིན་གཡུ་སྒྲོན་གྱིས་བསྒྱུར། བསྟན་བློ་དང་གནམ་ཕྱུག་རྒྱལ་གྱིས་ཞུས)